«བོད་ཀྱི་མཛེས་རྩལ་ཀུན་བཏུས»ལས་མཚོ་སྔོན་ལྡེབས་རིས་སྐོར་གྱི་དེབ་གཉིས་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-05-11
ཀློག་གྲངས།:
«བོད་ཀྱི་མཛེས་རྩལ་ཀུན་བཏུས»ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན།

འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ།།
བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས། རི་མོ་སྒྱུ་རྩལ་སྐོར། མཚོ་སྔོན་ལྡེབས་རིས། ༼༤༽

དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་གྱི་ཁོངས་གཏོགས་མཚོ་སྔོན་གྱི་གཉན་ཐོག་ལྡེབས་རིས་སྐོར་ཞེས་པ་ཡིན། འདིའི་ནང་དུ་གཉན་ཐོག་དགོན་པའི་ས་འཛིན་ལྷ་ཁང་དང་། ཚོགས་ཆེན་འདུ་ཁང་། ལྷ་ཁང་སྦུག་མ། བྱམས་ཁང་། མགོན་ཁང་སོགས་ཀྱི་ལྡེབས་རིས་རྣམས་བསྡུས་ཡོད།

བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས། རི་མོ་སྒྱུ་རྩལ་སྐོར། མཚོ་སྔོན་ལྡེབས་རིས། ༼༥༽
དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་གྱི་ཁོངས་གཏོགས་མཚོ་སྔོན་གྱི་ལྡེབས་རིས་སྐོར་ཞེས་པ་ཡིན། འདིའི་ནང་དུ་སེང་གེ་གཤོང་མ་མགོ་དགོན་དང་ཡ་མགོ་དགོན། རྐ་སར་དགོན། སྒོ་དམར་དགོན། ཧོར་རན་སྒར། ཧོར་རན་མ་ཎི་ཁང་བཅས་ཀྱི་ལྷ་ཁང་སོགས་ཀྱི་ལྡེབས་རིས་རྣམས་བསྡུས་ཡོད།

འབྲེལ་ཡོད་འོས་སྦྱོར།
