logo

བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས། རི་མོ་སྒྱུ་རྩལ་སྐོར། ཙ་ཀ་ལི། ༢

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-05-27 ཀློག་གྲངས།:
       «བོད་ཀྱི་མཛེས་རྩལ་ཀུན་བཏུས»ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན།
       འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ། །
       དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་གྱི་ནང་ཚན་ཙ་ཀ་ལིཞེས་པ་དེ་ཡིན། དེབ་འདིར་མིང་རྒྱལ་རབས་ནས་དེང་རབས་ཀྱི་བར་དུ་ཐོན་པའི་བོན་བསྟན་ལུགས་ཀྱི་ཙ་ཀ་ལི་དྲུག་བརྒྱ་ལྷག་བདམས་ནས་བསྒྲིགས་ཡོད། ས་ཆ་མི་འདྲ་བའི་ཚབ་མཚོན་རང་བཞིན་གྱི་ཙ་ཀ་ལི་དང་། ཁྱད་ཆོས་འབུར་དུ་ཐོན་པའི་ཙ་ཀ་ལི། ཐུན་མིན་གྱི་རི་མོའི་ཁྱད་ཆོས་ལྡན་པའི་ཙ་ཀ་ལི་བཅས་ཕྱིའི་རྣམ་པའི་ཐད་ནས་ཆ་འགྲིག་ཡིན་ཞིང་བརྗོད་དོན་གྱི་ཐད་ནས་བལྟོས་བཅས་ཀྱི་བརྗོད་བྱ་ཆ་ཚང་ལྡན། དེབ་འདིར་ཙ་ཀ་ལི་ཞེས་པ་དེ་ཐོག་མར་ཇི་ལྟར་བྱུང་ཞིང་འཕེལ་བ་དང་། ཆོ་གའི་ཁྲོད་ཇི་ལྟར་བཀོལ་སྤྱོད་བྱས་པ་ལ་སོགས་པ་དང་། དེ་བཞིན་རི་མོ་སོ་སོའི་བསྟན་དོན་དང་མཚོན་ཐབས། རྣམ་པ། སྒྱུ་རྩལ་གྱི་ཁྱད་ཆོས། བཟོ་ཐབས། རིས་འགྲེལ་ལ་སོགས་པ་ཞིབ་ཅིང་གསལ་བ་བསྟན་ཡོད། ཙ་ཀ་ལི་དུ་མས་རྒྱ་བོད་གཉིས་ཀྱི་རིག་གནས་ཕན་ཚུན་བརྗེ་རེས་དང་། འབྲེལ་འདྲིས། སྐུལ་སྤེལ་བྱུང་བའི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།