«མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་ཞིབ་འཇུག»ཅེས་པ་པར་དུ་བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2026-07-01
ཀློག་གྲངས།:
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སློབ་གསོ་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་བྱེད་དང་། མི་རིགས་བསྐྱར་དར་ཡོང་བའི་གཞི་མ་ཡིན”ཞེས་གསུངས་པ་ལྟར། དེབ་འདིའི་རྩོམ་པ་པོ་ཁང་སྐྱིད་བསོད་བསྟན་ལགས་ནས་བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། གནད་དོན་ལེགས་བཅོས་ཀྱི་ཆ་སོགས་ལ་བློ་གཟུར་བོས་དཔྱད་ཅིང་སེམས་ཞིབ་མོས་བརྟག་པའི་མཐར། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བོད་སྐད་ཡིག་སློབ་གསོའི་དགོས་མཁོར་ཐུགས་བསམ་བཞེས་ཏེ«བསླབ་གཞི་གསར་པའི་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞི་ཞིབ་འཇུག»ཅེས་པའི་དེབ་འདི་ཉིད་སྤྱི་ལོ2026ལོའི་ཟླ4པར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།

ཁོང་གིས་དེབ་འདི་ཉིད་བསྐྲུན་པ་ནི་རང་རེའི་ཞིབ་འཇུག་པ་དང་ལག་ལེན་པ་རྣམས་ཀྱིས་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ལ་དང་དོད་དང་ཞིབ་འཇུག་བྱས་ཏེ། སྐབས་བབས་ཀྱི་གནད་དོན་གསར་རྙེད་དང་གནད་དོན་ཐག་གཅོད། དུས་ཐོག་ཆར་འབེབ་ཀྱིས་དགོས་མཁོ་གསར་བསྐྲུན་གྱི་འབོད་སྐུལ་བཏང་བ་ཞིག་ཡིན་པས། འདིར་སྐད་ཡིག་སློབ་གསོར་མཁྱེན་དཀྱུས་ཡངས་པའི་སྐྱེ་བོ་གང་མང་ཞིག་གིས་དེ་དང་དེ་འདྲ་བའི་བོད་སྐད་ཡིག་སློབ་གསོ་ལ་དོ་སྣང་དང་ཞིབ་འཇུག་གིས་དགེ་སློབ་ཁྱིམ་གསུམ་གྱི་རྨང་གཞིའི་སློབ་གསོ་ནས་ཆུ་འགོ་སྲུང་སྐྱོབ་དང་ཆུ་རྐ་ལེགས་བཅོས་ལ་ནུས་པ་ཅི་ཐུབ་འདོན་རྒྱུར་སོར་མོ་སྙིང་གར་སྦྱར་ནས་རེ་བ་ཞུའོ། །

འབྲེལ་ཡོད་འོས་སྦྱོར།
