«ཀན་ལྷོའི་དམངས་སྲོལ་རིག་གནས་དཔེ་ཚོགས»པར་དུ་སྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-14
ཀློག་གྲངས།:
«ཀན་ལྷོའི་དམངས་སྲོལ་རིག་གནས་དཔེ་ཚོགས»པོད་བཅུ་ཡི་བདག་ཉིད་ཅན་འདི་ནི་ཀན་ལྷོའི་ས་གནས་དམངས་སྲོལ་དང་ས་ཁོངས་རིག་གནས་ལ་དམིགས་ཏེ། བོད་ཡིག་ཡིག་གཟུགས་དང་། བླ་བྲང་ཐང་ག་དང་། དམངས་ཁྲོད་གར་འཆམ་དང་། ཀན་ལྷོའི་དཀྲོལ་ལེན་སོགས་སྲོལ་རྒྱུན་སྒྱུ་རྩལ་གྱི་རིགས་དང་། ཀན་ལྷོའི་རི་ཆུའི་སྐྱེ་ཁམས་དང་། རོང་འབྲོག་ཁུལ་གྱི་དམངས་སྲོལ་དང་། གེ་སར་རིག་གནས་རྗེས་ཤུལ་དང་། བོད་རིགས་གྱོན་ཆས་དང་གཉེན་སྟོན་སྨོན་ཚིག་སོགས་ས་གནས་རིག་གནས་ཀྱི་ནང་དོན་ཚུད་ཡོད།

བརྗོད་གཞི་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན། དཔེ་ཚོགས་འདི་ནི་ཡིག་ཆ་ལེགས་སྒྲིག་དང་ས་ཡུལ་དངོས་སུ་བཅར་འདྲི་བརྟག་དཔྱད་བྱས་ནས་བསྒྲིགས་པ་ཞིག་ཡིན་ཞིང་། ནང་དོན་དངོས་ཡོད་དང་། སྐད་ཡིག་གོ་བདེ་ཞིང་། ཕྱོགས་མང་པོའི་ཐད་ནས་ཀན་ལྷོའི་ཐུན་མོང་མ་ཡིན་པའི་བོད་རིགས་དམངས་སྲོལ་རིག་གནས་ཀྱི་རྣམ་པ་ཐོ་འགོད་བྱས་ཡོད། དཔེ་ཚོགས་འདི་ནི་ཀན་ལྷོའི་ས་གནས་རིག་གནས་དང་ཉེ་བར་འབྲེལ་ཞིང་། ས་གནས་དེ་གའི་གཟུགས་འདས་རིག་གནས་ལག་རྩལ་དང་། དམངས་སྲོལ་གོམས་གཤིས། མི་ཆོས་ཤུལ་བཞག་བཅས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་པ་དང་། ཀན་ལྷོའི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གཏིང་ཟབ་པའི་རྨང་གཞི་དངོས་སུ་སླར་གསོ་བྱས་ཡོད། དཔེ་ཚོགས་འདིས་དཔྱད་གཞིའི་རིན་ཐང་དང་མང་ཚོགས་ཀྱིས་ཀློག་ཐུབ་པའི་རང་བཞིན་གཉིས་ཀར་དོ་སྣང་བྱས་ཡོད་པས། ས་ཁུལ་གྱི་མི་རིགས་རིག་གནས་ཞིབ་འཇུག་ལ་རྨང་གཞིའི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་བྱེད་ཐུབ་པ་མ་ཟད། སྤྱིར་བཏང་གི་ཀློག་པ་པོས་ཀན་ལྷོའི་དམངས་སྲོལ་རིག་གནས་ལ་ཐོག་མར་ངོས་འཛིན་དང་ཤེས་རྟོགས་བྱེད་པར་ཡང་སྟབས་བདེ་བསྐྲུན་ཡོད། ས་གནས་དེ་གའི་མི་རིགས་རིག་གནས་ཀྱི་ཕྱོགས་བསྡུས་ཉར་ཚགས་དང་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པར་དོན་དངོས་ཀྱི་ནུས་པ་བཟང་པོ་ཐོན་ཡོད།
འབྲེལ་ཡོད་འོས་སྦྱོར།
