logo

དེབ་གསར«གསང་བ་ཕུགས་འཚོལ། —བོད་སྨན་བརྟག་ཐབས་རིག་པའི་ལོ་རྒྱུས་དང་གསང་བ་ཕུགས་འཚོལ་རྫས་ཀྱི་བརྟག་ཐབས་དཔྱད་གླེང་།»པར་བསྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-08-21 ཀློག་གྲངས།:
       ཉེ་ཆར། བོད་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ༡༡༠འཁོར་བའི་བཀྲ་ཤིས་དུས་བཟང་དང་བསྟུན། སྨན་རྩིས་ཁང་གི་འབུམ་རམས་པ་སྟོང་སྐོར་མགོན་པོ་དོན་གྲུབ་ལགས་ཀྱིས་བརྩམས་པའི«གསང་བ་ཕུགས་འཚོལ། —བོད་སྨན་བརྟག་ཐབས་རིག་པའི་ལོ་རྒྱུས་དང་གསང་བ་ཕུགས་འཚོལ་རྫས་ཀྱི་བརྟག་ཐབས་དཔྱད་གླེང་།»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས་འདུག
       བོད་ལུགས་གསོ་རིག་གི་བརྟག་ཐབས་རིག་པ་ལས་གསང་བ་ཕུགས་འཚོལ་རྫས་ཀྱིས་ནད་རིགས་བརྟག་ཐབས་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བ། གཞུང་དོན་མ་ལག་ཆ་ཚང་བའི་བརྟག་ཐབས་རིག་པ་ཞིག་ཡིན་ལ། བོད་ལུགས་གསོ་རིག་གི་སྔོན་བྱོན་དམ་པ་རྣམས་ཀྱིས་རྫས་ཀྱི་ནུས་པ་དང་། རྫས་ཀྱི་འགྱུར་བ། ནད་གཞིའི་གནས་ལུགས་སོགས་ལ་ཞིབ་འཇུག་དང་ཚོད་ལྟ་གང་མང་བྱས་ནས་རྙེད་པའི་སྲོལ་རྒྱུན་བརྟག་ཐབས་རིག་པ་ཞིག་ཀྱང་རེད། དེབ་འདིར་རྩོམ་པ་པོས་བོད་སྨན་བརྟག་ཐབས་རིག་པའི་ལོ་རྒྱུས་སྤྱི་དང་བོད་སྨན་གསང་བ་ཕུགས་འཚོལ་རྫས་ཀྱིས་ནད་བརྟག་ཐབས་སྐོར་ནས་དཔྱད་གླེང་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།