«དཔའ་རིས་བོད་ཀྱི་སྲོལ་རྒྱུན་གཉེན་སྟོན་ལུགས་སྲོལ་དགའ་ཚལ་ཕྱུག་མོ»འགྲེམས་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2026-10-08
ཀློག་གྲངས།:
ཉེ་སྔོན། དཔལ་སྒྲོན་གྱིས་བརྩམས་པའི་དེབ་གསར«དཔའ་རིས་བོད་ཀྱི་སྲོལ་རྒྱུན་གཉེན་སྟོན་ལུགས་སྲོལ་དགའ་ཚལ་ཕྱུག་མོ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།

«དཔའ་རིས་བོད་ཀྱི་སྲོལ་རྒྱུན་གཉེན་སྟོན་ལུགས་སྲོལ་དགའ་ཚལ་ཕྱུག་མོ»ཞེས་པའི་དཔེ་དེབ་འདི་ནི་དཔའ་རིས་བོད་ཀྱི་རིག་གནས་དང་ནང་སྒོས་སུ་གཉེན་སྟོན་གྱི་ལུགས་སྲོལ་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཞིག་ཡིན། དེབ་འདི་ཉིད་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་སྟེང་ནས་བྲིས་ཡོད།
དཔེ་དེབ་ནང་དུ་སྲོལ་རྒྱུན་གཉེན་སྟོན་གྱི་ཆོ་ག་ཞིབ་འབྲི་དང་། རིག་གཞུང་གི་དབྱེ་ཞིབ། ལོ་རྒྱུས་ཡིག་ཚགས་ཀྱི་རྟོག་ཞིབ་སོགས་ཚང་མ་ཐོག་མཐའ་བར་གསུམ་དུ་རྩོམ་པ་པོ་རང་ཉིད་ཀྱིས་དུས་ཡུན་རིང་པོའི་ཡུལ་དངོས་རྟོག་ཞིབ་དང་ཡིག་ཚགས་ཁུངས་གཏུགས། ཡུལ་མིར་བཅར་འདྲི་སོགས་ཀྱི་རྨང་གཞིའི་ཐོག་ནས་གྲུབ་པ་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།
