logo

«བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར།»ཙ་ཀ་ལི(༡)འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-10-12 ཀློག་གྲངས།:
       «བོད་ཀྱི་མཛེས་རྩལ་ཀུན་བཏུས»ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན།
       འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ།།
       དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོ་སྒྱུ་རྩལ་སྐོར་གྱི་ཙ་ཀ་ལིའི་དེབ་དང་པོ་དེ་ཡིན། ཙ་ཀ་ལི་ནི་ཆེས་གདོད་མའི་ཕྱག་རྒྱའི་ལྷ་ཡིག་ལས་བྱུང་། ཕྱག་རྒྱའི་ལྷ་ཡིག་ནི་བྱང་བུའི་ཚུལ་དུ་གླེགས་བམ་ལྟར་ཞིག་སྟེ། མང་ཤོས་ཤིག་དཔེ་ཆའི་སྣེ་ཐམས་ཅད་སྐུད་པས་བཏུམས་ཡོད་པ་དེའོ།། དེབ་འདིར་མིང་རྒྱལ་རབས་ནས་ད་ལྟའི་བར་གྱི་ཙ་ཀ་ལིའི་རི་མོ་དྲུག་བརྒྱ་ལྷག་བཀོད་ནས་དེ་དག་གི་རི་མོའི་ནང་དོན་དང་མཚོན་ཐབས། ཁྱད་ཆོས་སོགས་ཀྱི་སྐོར་ནས་ངོ་སྤྲོད་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།