logo

«བརྡ་དཀྲོལ་གསེར་གྱི་མེ་ལོང»དག་བཅོས་མ་པར་དུ་སྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-06-02 ཀློག་གྲངས།:
       ཉེ་ཆར། བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བ་དང་བོད་རིག་པའི་མཁས་ཆེན་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་རྩོམ་སྒྲིག་མཛད་པའི«བརྡ་དཀྲོལ་གསེར་གྱི་མེ་ལོང»དག་བཅོས་མ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན།
       མིང་མཛོད་འདི་ནི་བོད་ཀྱི་གཞུང་ལུགས་ཡིག་ཆ་རབ་འབྱམས་ལས་བྱུང་བའི་ཐ་སྙད་མིང་ཚན་ཆིག་ཁྲི་ལྷག་བསྡུས་ཤིང་། མིང་ཚན་ལ་མིང་རྐྱང་དང་ཚིག་གྲུབ་གང་རུང་འདུ་ལ། མིང་ཚན་གྱི་གོ་རིམ་ནི་ཡིག་འབྲུའི་སྔ་གཞུག་བཞིན་དུ་བོད་ཡིག་ཀ་མད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད།
       འགྲེལ་བཤད་རྒྱག་སྟངས་ནི། གཅིག འགྲེལ་བཤད་ཀྱི་གྲུབ་ཆ་ལ་སྤྱིར་བཏང་མིང་གི་གོ་དོན་དང་། གོ་དོན་དེའི་ཁུངས་ལུང་དང་། སྔོན་བྱུང་ཡིག་ཆ་ལས་དྲངས་པའམ་བོད་སྤྱི་ལ་གྲགས་པའི་གཏམ་གྱི་དཔེར་བརྗོད་བཅས་གསུམ་ཡོད། གོང་གསལ་ལས་མིང་གི་གོ་དོན་ནི་སྒྲིག་པ་པོས་སྦྱར་བའི་གོ་དོན་ཡིན་པ་ལ། མིང་ཚན་ཀུན་ལ་ཡོད་པས་མ་ཁྱབ་པར་ཉུང་ཤས་ཤིག་ཁུངས་ལུང་གིས་འཐུས་པར་བྱས་ཡོད། ཁུངས་ལུང་དང་དཔེར་བརྗོད་གཉིས་ཀྱང་སྐབས་བསྟུན་བཀོད་ཡོད་མེད་གང་རུང་ཡོད། གཉིས། མིང་ཚན་གྱི་གཞུག་ཏུ〔ལེགས〕ཞེས་བཀོད་པས་ལེགས་སྦྱར་སྐད་སྟོན་པ་དང་།〔ཞང〕ཞེས་བཀོད་པས་ཞང་ཞུང་སྐད་སྟོན་པ་དང་།〔རྒྱ〕ཞེས་བཀོད་པས་རྒྱ་ནག་གི་སྐད་སྟོན་པ་དང་།(བོན)ཞེས་བཀོད་པས་བོན་པོའི་བརྡ་སྟོན་པ་ཡིན། གསུམ། མིང་ཚན་གཅིག་ལ་དོན་གྱི་རྣམ་གྲངས་དུ་མ་ཡོད་པ་ཨང་རྟགས①②③སོགས་ཀྱིས་སོ་སོར་ཕྱེ་ཡོད། མདོར་ན། མིང་མཛོད་འདི་ནི་རྨང་གཞིའི་རང་བཞིན་དང་། ཉེར་སྤྱོད་ཐུབ་པའི་རང་བཞིན། ཚད་ལྡན་རང་བཞིན། རིག་གཞུང་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཡོ་བྱད་དཔེ་དེབ་ཚད་ཐུབ་ཅིག་ཡིན་ནོ། །
རྩོམ་པ་པོ་ངོ་སྤྲོད།
འབྲེལ་ཡོད་འོས་སྦྱོར།