logo

ཞིན་ཧེའི་དབུལ་ཐར་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར། དུས་ཚོད།:2018-03-30 ཀློག་གྲངས།:
     ཉེ་ཆར། 2018ལོར་དབུལ་ཐར་མཁྲེགས་གཏོར་གྱི་སྐུལ་སློང་ཚོགས་ཆེན་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིན་ཧེ་རྫོང་ད་ལོར་དབུལ་ཐར་བྱུང་། དབུལ་ཕོངས་སྡེ་བའི་གྲས་ནས་བུད། དབུལ་ཕོངས་མི་འབོར་གྱིས་དབུལ་ཐར་བྱེད་པའི་དབུལ་ཐར་མཁྲེགས་གཏོར་ཆེན་པོ་གསུམ་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱས་ནས། ལོ་འདིའི་ནང་རྫོང་ཡོངས་ཀྱི་དབུལ་ཕོངས་ཀྱི་ཚད3%ཇེ་དམའ་རུ་སོང་། ལོ་དགུའི་འོས་འགན་སྲ་བརྟན་དུ་བཏང་ཚད95% དང་སྡེ་བ་དབུལ་ཐར་བྱེད་ཚད100%ཟིན་པས། རྫོང་ཡོངས་དབུལ་ཐར་མངོན་འགྱུར་བྱུང་སྟེ། དབུལ་ཕོངས་སྡེ་བ18ཀྱིས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི3ཡན་ཡོང་བར་ཁག་ཐེག་བྱས། སྡེ་བ་རིམ་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་དམིགས་ཚད་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མཉམ་པར་བྱས་ནས། ལོ་འདིའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང2139གི་མི་གྲངས7632དབུལ་ཐར་བྱུང་བ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ” མངོན་འགྱུར་བྱུང་ནས། ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར3762ཡན་ལ་འཕར།
     རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ཟླ8པ་ནས་བཟུང་། ཞིན་ཧེ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དང་དམིགས་འབེན་གཙོར་བཟུང་སྟེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཇེ་ལེགས་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་རྒྱ་སྐྱེད་པ།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་འཐུས་ཚང་དུ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་དང་། གློག་བཀོལ་ཚད། སློབ་གྲྭ་འགྲིམས་ཚད། སྨན་བཅོས་སོགས་ཕྱོགས་བཅུའི་དཀའ་གནད་ཐག་གཅོད་བྱས། མིག་སྔར། མི་ཁྲི3.9དང་ཕྱུགས་ཟོག་ཁྲི17ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཤིང་། ཤང་དང་གྲོང་རྡལ་དུ་ཨར་འདམ་གཞུང་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ1158དང་། སྡེ་བའི་གཞུང་ལམ་སྤྱི་ལེ2226ཤར་གཏོང་བྱས་ཏེ། ཤང་དང་གྲོང་རྡལ་གྱི་ཨར་འདམ་གཞུང་ལམ་ཤར་བགྲོད་ཐུབ་ཚད100%ཟིན་པ་དང་། རྫོང་ཡོངས་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་དགོས་པའི་སྤྱིའི་ལས་འགན་ཁྱིམ་ཚང1496དང་མི4315ཡིན་པ་དང་། མིག་སྔར་ཁྱིམ་ཚང952དང་མི3332གནས་སྤོས་ལེགས་འགྲུབ་བྱུང་ཡོད། 2017ལོའི་ལོ་མཇུག་བར། རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར9.4%ལ་འཕར་ཡོད།
     དབུལ་ཕོངས་སྡེ་བ5དང་དབུལ་ཕོངས་ཁྱིམ་ཚང424མི1394དབུལ་ཐར་བྱུང་། ལྷག་པར་དུ་ཞིང་སྡེའི་ཁྱིམ་ཚང1989ཡི་ཉེན་ཁང་སྒྱུར་བཀོད་བྱས་ཤིང་། མཐོ་སྒང་མཛེས་སྡུག་ཤང་གྲོང1དང་མཐོ་སྒང་མཛེས་སྡུག་ཞིང་སྡེ8འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས། རོང་འབྲོག་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་ནས། དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་བའི་འདུ་ཤེས་ཇེ་དྲག་དང་། ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཇེ་མཐོར་བཏང་།
     《2018ལོར་ཞིན་ཧེ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་འགན་གྱི་ལས་བགོས་བསམ་འཆར》ལྟར། ཞིན་ཧེ་རྫོང་ད་ལོར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་དཔེ་རིས་དང་འགན་འཁྲི་ཁག་བགོས་བྱས་ཤིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དམིགས་སུ་བཀར་ནས་དམ་འཛིན་བྱེད་པ། སྤྱི་ཚོགས་ཡོངས་ཞུགས་པའི་དབུལ་སྐྱོར་སྒྲིག་གཞི་འཛུགས་པ། གང་ལེགས་ཀྱིས་གཞི་རིམ་གྱི་བྱ་བའི་ནུས་ཤུགས་འདོན་སྤེལ་བྱེད་པ། བྱ་བའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ་བཅས་ཕྱོགས་དྲུག་གི་ཐད་ཤུགས་སྣོན་བྱས་ཤིང་། ལྷོ་ཕྱོགས་ཀྱི་ཤང་གསུམ་གྱི་དབུལ་ཕོངས་ས་ཁུལ་ལ་མ་དངུལ་གཏོང་བ་དང་། སློབ་གསོའི་དབུལ་སྐྱོར། གནས་སྤོ་ལས་ཞུགས། ཐོན་ལས་དབུལ་སྐྱོར། དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་སློང་། འགན་སྲུང་རྩ་འཛུགས་སོགས་ཁག29ཡི་བྱེད་ཐབས་ཀྱིས་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་བྱ་བར་སྐུལ་འདེད་བྱས། མིག་སྔར། ཁག་སོ་སོའི་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས།


འབྲེལ་ཡོད་འོས་སྦྱོར།