2018ལོའི་སྒེར་གཉེར་ཁེ་ལས་ཀྱི་ཆེད་དོན་ལས་བསྡུ་ཚོགས་འདུ་སྤེལ་རྒྱུའི་སྤྱི་བསྒྲགས།
རྩོམ་པ་པོ།:ཁོན་ཐར་འཚོས་བསྒྱུར།
ཡོང་ཁུངས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2018-03-30
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུས་དང་། ཞིང་ཆེན་སྒེར་གཉེར་མཐུན་ཚོགས་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནས་སྟངས་གསར་པའི་འོག་གི་ལས་ཞུགས་ལས་གཏོད་ཀྱི་ལས་ཀ་ཡག་པོ་བསྒྲུབ་དགོས་སྐོར་གྱི་འབྲེལ་ཡོད་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱ་ཆེད་དང་། སྒེར་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱིས་ལས་ཞུགས་ཀྱི་སྒོ་མོ་སྔར་ལས་ཆེ་རུ་ཕྱེས་ནས་ལས་ཞུགས་ལ་ལམ་ཁ་ཡངས་པོ་ཞིག་འདོན་སྤེལ་དང་། ལས་ཞུགས་ཀྱི་སྤུས་ཚད་མཐོར་འདེགས། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་སྤེལ་གཏོང་ཐུབ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་ལས་རིགས་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་བྱ་བ་ཏན་ཏིག་ནུས་ལྡན་བསྒྲུབས་ཏེ། ལས་ཀ་འཚོལ་མཁན་དང་ལས་མི་བསྡུ་བའི་ལས་ཁུངས་བར་དུ་ཐད་ཀར་འབྲེལ་འདྲིས་ཐུབ་པའི་སྟེགས་བུ་ཞིག་བསྐྲུན་ཕྱིར་དུ། ཟླ4པའི་ཟླ་མཇུག་ལ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྒེར་གཉེར་ཁེ་ལས་དང་མཐོ་རིམ་སློབ་ཐོན་སློབ་མ་ངོ་ཐུག་སྒོས་ལས་མི་བསྡུ་བའི་བྱེད་སྒོ་ཞིག་ཆེད་མངགས་སྤེལ་འཆར་འདུག
བྱེད་སྒོ་འདིའི་བརྗོད་བྱང་ལ“མཁོ་འདོན་སྟེགས་བུ་བཙུགས་ནས་ལས་ཞུགས་སྐུལ་འདེད་བྱེད་པ”ཞེས་བྱ་ཞིང་། 2018ལོའི་ཟླ4པའི་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད9:00—13:00ཐོག་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཞའོ་ཏོ་རིག་རྩལ་ཁང(小岛文体馆 )དུ་སྤེལ་གྲབས་ཡོད་པ་རེད།
ཐེངས་འདིའི་ལས་བསྡུ་ཚོགས་འདུའི་ཐོག་ཞུགས་འདོད་ཀྱི་ཁེ་ལས་རྣམས་ཀྱིས་ཟླ4པའི་ཚེས10ཉིན་གྱི་སྔུན་ལ་མིང་ཐོ་འགོད་དགོས།
མིང་ཐོ་འགོད་སྟངས།
1.དྲ་ཐོག་ནས་མིང་ཐོ་འགོད་སྟངས། མཚོ་སྔོན་ཞིང་ཆེན་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་ཀྱི་དྲ་ཚིགས སྟེང་དུ《2018ལོའི་སྒེར་གཉེར་ཁེ་ལས་དང་མཐོ་རིམ་སློབ་ཐོན་སློབ་མའི་བར་གྱི་མཁོ་དགོས་ངོ་ཐུག་གི་ཆེད་དོན་ལས་བསྡུ་བྱེད་སྒོ་སྤེལ་ཐབས་ཀྱི་བརྡ་ཐོ》དང་ཟུར་བལྟའི་ཡིག་ཆ《ལས་བསྡུའི་རྩ་འཛིན》གཉིས་ཕབ་ལེན་བྱས་ཏེ། ལས་བཟོ་བ་གང་དགོས་ཀྱི་འབྲེལ་ཡོད་གནས་ཚུལ་བྲིས་རྗེས། མཚོ་སྔོན་ཞིང་ཆེན་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་ཀྱི་ཡིག་ཟམ་(qhgsx@126.com)དུ་བསྐུར་དགོས།
2.ཁ་པར་སྒང་ནས་མིང་ཐོ་འགོད་སྟངས། ཚོགས་ཞུགས་ཁེ་ལས་ཀྱིས་ཁ་པར་བརྒྱུད་དེ་ཞིང་ཆེན་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་སུ་བྱེད་སྒོ་དེའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་ཆོག་པར་མ་ཟད། མིང་ཐོ་འགོད་ཆོག
3.ཡུལ་དངོས་སུ་བཅར་ནས་མིང་ཐོ་འགོད་སྟངས། མིང་ཐོ་འགོད་འདོད་ཀྱི་ཁེ་ལས་ཐད་ཀར་ཟི་ལིང་གྲོང་ཁྱེར་ཁུན་ལུན་ལམ་བར་མའི་ཨང་རྟགས79པ་སྟེ་ཞིང་ཆེན་བཟོ་ཚོང་ཅུས་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་ཁང་པ505རུ་བསྐྱོད་དེ། 《ལས་བསྡུའི་རྩ་འཛིན》སྟེང་འབྲེལ་ཡོད་ཀྱི་རེ་འདུན་ཁ་བསྐངས་རྗེས། ཞིང་ཆེན་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་སུ་སྤྲོད་དགོས་པ་ཡིན།
4.གྲོང་ཁྱེར་དང་ཁུལ་ཁོངས་ཀྱི་ཁེ་ལས་ཚོས་ཁོངས་གཏོགས་ས་གནས(ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ)དེའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་སུ་བསྐྱོད་དེ་མིང་ཐོ་འགོད་དགོས། གླིང་ཁུལ་སྟེ(ཤར་ཐང་བཟོ་ལས་ཁུལ་དང་། ལྷོ་ཐང་བཟོ་ལས་ཁུལ། སྐྱེ་དངོས་ཚན་རྩལ་ཐོན་ལས་ཁུལ། ཀན་ཧོ་བཟོ་ལས་ཁུལ)ཁག་གིས་ཞིང་ཆེན་གྱི་ཅུས་སོ་སོའི་ཁོངས་གཏོགས་ཀྱི་ཡན་ལག་ཅུས་ཀྱི་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་སུ་མིང་ཐོ་བཀོད་དེ་《ལས་བསྡུའི་རྩ་འཛིན》ལེན་དགོས་ལ། མིང་ཐོ་འགོད་སའི་ལས་ཁུངས་ཀྱིས་ཁེ་ལས་དེ་དག་སྒྲིག་འཛུགས་བྱས་ནས་ལས་བསྡུའི་བྱེད་སྒོར་ཞུགས་སུ་འཇུག་དགོས།
ཚོགས་ཞུགས་ཁེ་ལས་པ་རྣམས་ལ་གདོན་རྒྱུའི་རེ་བ།
1.མིང་ཐོ་འགོད་མཁན་གྱི་ཁེ་ལས་རྣམས་ཀྱིས“ཡིད་རྟོན། བེད་ཆོད། སྤུས་གཙང”བཅས་ཀྱི་ཞབས་ཞུའི་འདུ་ཤེས་ངོས་ནས་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མར་ལས་ཞུགས་ལས་རྐང་མཁོ་འདོན་བྱ་དགོས།
2.ལས་མི་བསྡུ་བའི་ཁེ་ལས་ལས་ཁུངས་ཀྱིས་ནན་ཏན་ངང《སློབ་བསྡུའི་རྩ་འཛིན》གྱི་འབྲེལ་ཡོད་བརྗོད་བྱ་བསྐང་དགོས་ལ། དུས་ལྟར་ས་ཚིགས་མ་ནོར་བར་སྐྱེལ་དགོས།
3. ཐེངས་འདིའི་ལས་བསྡུ་ཚོགས་འདུར་ཐོ་འགོད་བྱས་པའི་ཁེ་ལས་ཡོངས་ནས། སྤྱི་གཉེར་བ་དང་ཡང་ན་མི་ཤུགས་ཐོན་ཁུངས་པུའུ་ཡི་འགན་འཁུར་བས་སྣེ་འཁྲིད་རྒྱུ་ཡིན་ཞིང་། ཁེ་ལས་རྣམས་ལས་བསྡུ་ཚོགས་འདུར་ཞུགས་དུས་སོ་སོའི་ཀུང་སིའི་དྲིལ་སྒྲོག་དེབ་དང་ལས་མི་བཀོལ་སྤྱོད་ཀྱི་གྲོས་མཐུན་ཡི་གེ(གན་རྒྱ)བཅས་འཁྱེར་ཡོང་དགོས། ལས་བཟོ་བ་བསྡུ་བའི་དུས་ལ་ལས་བཟོ་བའི་བར་གྲོས་མོལ་དང་། གན་རྒྱ་དངོས་སམ་ཡང་ན་མོས་འདུན་གྱི་གན་རྒྱ་འཇོག་དགོས།
སློབ་མའི་ཕྱོགས་ལ་རེ་བ་འདོན་རྒྱུ་ཞིག་ནི། ལོ་སྔོན་མ་དང་ད་ལོར་མཐར་ཕྱིན་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་དང་། ཐོབ་ཐང་ལག་འཁྱེར་གྱི་བསྐྱར་དཔར། བསླབས་རིམ་ལག་འཁྱེར། ཡོན་གནས་ལག་འཁྱེར་ལ་སོགས་འབྲེལ་ཡོད་དཔང་ཡིག(བསྐྱར་དཔར)བཟུང་ནས་ཟླ4པའི་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ཡི་ཐོག་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞའོ་ཏོ་རིག་རྩལ་ཁང་དུ་ལས་བསྡུ་ལ་ཞུགས་དགོས། ཐེངས་འདིའི་བྱེད་སྒོར་ཞུགས་པའི་ཁེ་ལས་དང་། སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཡོངས་རིན་མེད་ཀྱིས་ཞུགས་ཆོག་པ་ཡིན།
འབྲེལ་གཏུག་བྱེད་ས། ལིའུ་ཙི་ཝན་དང་ཡེ་ཅན་གཉིས་ཡིན་ལ། འབྲེལ་གཏུག་ཁ་པར་ཨང་གྲངས། 0971—8213063 0971—8271115ཡིན།

ཞེས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་དང་།
མཚོ་སྔོན་ཞིང་ཆེན་སྒེར་གཉེར་དཔལ་འབྱོར་མཐུན་ཚོགས་གཉིས་ནས།
2018ལོའི་ཟླ3པའི་ཚེས27ཉིན་ལ།
འབྲེལ་ཡོད་འོས་སྦྱོར།