2018ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་ཧྲང་ཧེ་ནས་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།: མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2018-03-26
ཀློག་གྲངས།:
2018ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཐོག་མ་ཉེ་ལམ་ཧྲང་ཧེ་ནས་བསྡུས། སྒྲོག་སྤེལ་ཚོགས་འདུས་མཚོ་རྒྱུད་ཀྱི་སྒོ་འབྱེད་གྲོང་ཁྱེར་ཆེས་ཆེ་བ་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་གྲོང་ཁྱེར་ལ་བརྟེན་ནས། ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དེ་ཆེད་ལས་ཅན་དང་ཚོང་རྟགས་མིང་གྲགས་ཅན། རྒྱལ་སྤྱིའི་ཅན་དུ་འགྱུར་བའི་ཐད་སྐུལ་འདེད་ཀྱི་ནུས་པ་བཏོན།
སྐབས་བཅུ་བཞི་ལ་བསྡུས་པའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དེ་མཚོ་སྔོན་ཞིང་ཆེན་གྱིས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱ་སྐྱེད་པ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྟེགས་བུ་དང་ཐབས་ལམ་གལ་ཆེན་དུ་གྱུར་ཡོད་པ་མ་ཟད། རིམ་བཞིན་དུ་འཛམ་གླིང་ས་གདན་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་གྱུར་ཡོད། སྐབས་འདིའི་འགྲེམ་ཚོགས་དེ་རྒྱལ་ཁབ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོའི་བོད་ལུགས་ས་གདན་མཐུན་ཚོགས། ཀྲུང་གོའི་ཉོ་ཚོང་ཡར་སྐུལ་ཚོགས་པ་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་པ། ཀྲུང་གོའི་ཟས་རིགས་དང་ཡུལ་ཐོན་དངོས་རྫས། ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས། ཀྲུང་གོའི་ཁྱིམ་སྤྱོད་འཁལ་འཐག་ཐོན་རྫས་ལས་རིགས་མཐུན་ཚོགས་བཅས་ཀྱིས་འགན་ཁུར་ནས་བསྒྲུབ་རྒྱུ་རེད། འགྲེམ་ཚོགས་དེ་ཟླ་དྲུག་པའི་ཚེས་གཉིས་ཉིན་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་འགོ་རྩོམ་རྒྱུ་ཡིན་པ་མ་ཟད། ཡུས་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ནས་དུས་མཉམ་དུ་ཡན་ལག་འགྲེམ་ཚོགས་བསྡུ་རྒྱུ་རེད། འགྲེམ་ཚོགས་ཀྱིས་ལྗང་མདོག་གི་ས་གདན་འཐག་ནས་རྒྱུད་གཅིག་ལམ་གཅིག་གི་ཟམ་ཆེན་འཛུགས་པ་བརྗོད་སྙིང་དུ་བྱས་ནས། མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནསA། B། Cབཅས་འགྲེམ་སྟོན་ཁང་གསུམ་དང་ཐང་ཆེན་འགྲེམ་སྟོན་ཁུལ་བཅས་བཀོད་སྒྲིག་བྱེད་རྒྱུ་རེད། དེ་དང་མཉམ་དུ། འགྲེམ་ཚོགས་ཀྱི་ཡུལ་དངོས་སུ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ས་གདན་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྒོར་ཅོག་ཚོགས་འདུ་དང་། མཚོ་སྔོན་བོད་རིགས་གནས་རྟེན་མཛོད་གླིང་གི་གནའ་བོའི་བོད་ལུགས་ས་གདན་རྟེན་མཛོད་ཁང་གི་སྒོ་འབྱེད་པ། ནམ་ཡང་མི་གྲོལ་བའི་བོད་ལུགས་ས་གདན་འགྲེམ་ཚོགས། འགྲེམ་སྟོན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཕྱོགས་མང་པོའི་ལམ་ནས་རྒྱལ་ཁབ་ཕྱི་ནང་གི་རིགས་མི་འདྲ་བའི་ལག་བཟོས་ས་གདན་དང་འཕྲུལ་འཐག་ས་གདན། སྒྱུ་རྩལ་འགེལ་གྲུམ་བཅས་དང་། བོད་ལུགས་ས་གདན་རིག་གནས་དང་བོད་ལུགས་གསོ་རིག་རིག་གནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་མ་ཟད། ཡུལ་དངོས་ནས་ས་གདན་འཐག་ཐབས་གསལ་སྟོན་བྱེད་པ་དང་། མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཁྱད་ཆོས་རིག་གནས་དང་རྒྱུན་སྲིང་ཐོན་རྫས་མྱོང་ཚོར་བྱེད་དུ་འཇུག་པ། ས་གདན་ཡུལ་དངོས་འཚོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ལག་བཟོས་ཐོན་རྫས་འགྲེམ་སྟོན་བྱེད་པ་སོགས་བྱེད་རྒྱུ་རེད། མིག་སྔར། འགྲེམ་ཚོགས་ཀྱི་ཚོང་འགུག་བྱ་བ་དངོས་སུ་སྤེལ་བཞིན་པའི་སྒང་རེད།
འགྲེམ་ཚོགས་ཀྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣས་མཚམས་སྦྱོར་ལྟར་ན། མིག་སྔར་གཏན་ཁེལ་བྱས་པའི་འགྲེམ་ཚོགས་ལ་ཞུགས་པའི་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་དགུ་ཡོད་པ་མ་ཟད། ཐོག་མར་མེ་གླིང་ལྷོ་མའི་ཀྲི་ལི། པོ་ལི་ཝེ་ཡ། ཨེ་ཁྭ་ཏོར་སོགས་རྒྱལ་ཁབ་དང་ཨ་སད་པད་ཅང་གི་ས་གདན་ཚོང་བ་བཅས་གདན་ཞུ་བྱེད་རྒྱུ་རེད། དེ་དང་མཉམ་དུ། ད་དུང་དབྱིན་ཇིའི་ཧྭ་ལིས་དུས་དེབ་ཁང་དང་དབྱིན་ཇིའི་རྟེན་མཛོད་གླིང་། དབྱི་ལང་གི་ས་གདན་རྟེན་མཛོད་གླིང་སོགས་ལ་རྒྱབ་རྟེན་ནས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་ཚོང་འགུག་བྱེད་རྒྱུ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།