logo

བོད་ལྗོངས་མངའ་རིས་སུ་གློག་རྡུལ་ཚོང་དོན་ཞབས་ཞུས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-03-22 ཀློག་གྲངས།:

     བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནི་འབྲོག་ལས་རྐྱང་བའི་རྫོང་ཞིག་སྟེ། ཆ་སྙོམས་མཚོ་ངོས་མཐོ་ཚད་ལ་སྨི4700ཡན་ཡིན། 2014ལོར་མཚོ་ཆེན་རྫོང་གིས་ཕྱོགས་ཡོངས་ནས་གློག་རྡུལ་ཚོང་དོན་གཉེར་བ་ནས་བཟུང་། བོད་ལྗོངས་ཨ་ཡུན་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་ཟིའི་ཞབས་ཞུའི་འོག  འབྲེལ་ཡོད་གསོ་སྦྱོང་སྐབས20ལ་སྤེལ་ཞིང་། བསྡོམས་པས་མི་ཐེངས2500ཞུགས་ཡོད།

     མིག་སྔར། མཚོ་ཆེན་རྫོང་གིས་གསོ་སྦྱོང་གནང་བའི་མི་སྣ་དག་གིས་རྒྱལ་ཁབ་ཕྱི་ནང་གི་གློག་རྡུལ་ཚོང་དོན་སྟེགས་བུ་ལེགས་པོར་བེད་སྤྱོད་སྒོས་དྲ་རྒྱའི་ཚོང་ཁང33གཉེར་བ་མ་ཟད། སྡེ་བ་རིམ་པའི་གློག་རྡུལ་ཞབས་ཞུའི་ས་ཚིགས12བརྒྱུད། ས་གནས་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས106འཚོལ་བསྡུ་བྱས། རྒྱུས་ལོན་པ་ལྟར་ན། མཚོ་ཆེན་རྫོང་གིས2016ལོ་དང2017ལོའི་བར། གློག་རྡུལ་ཚོང་དོན་སྟེགས་བུ་བརྒྱུད་དེ་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་བཙོང་འབོར་སྒོར་ཁྲི2100ལྷག་ལ་བུད་པ་མ་ཟད། དྲ་ལམ་ཐོན་རྫས་ཁུངས་གཏུག་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། ཕན་ལྡན་སྒོས་མཚོ་ཆེན་རྫོང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ལམ་བཏོད་པ་རེད།


འབྲེལ་ཡོད་འོས་སྦྱོར།