བོད་ལྗོངས་གཞོན་ནུའི་གློག་རྡུལ་ཚོང་ལས་དབུལ་སྐྱོར་ཆེད་དོན་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་སྤེལ།
སྐབས་དང་པོའི་བོད་ལྗོངས་གཞོན་ནུའི་གློག་རྡུལ་ཚོང་ལས་དབུལ་སྐྱོར་ཆེད་དོན་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར།
འགྲན་ཞུགས་པ་རྣམས།
སྐབས་དང་པོའི་བོད་ལྗོངས་གཞོན་ནུའི་གློག་རྡུལ་ཚོང་ལས་དབུལ་སྐྱོར་ཆེད་དོན་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར།
ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་སོགས་ལས་ཁུངས་དག་གིས་ལྷན་དུ་སྤེལ་བའི་སྐབས་དང་པོའི་བོད་ལྗོངས་གཞོན་ནུའི་གློག་རྡུལ་ཚོང་ལས་དབུལ་སྐྱོར་ཆེད་དོན་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དུ་སྤེལ་ཞིང་། གཙོ་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་། ན་གཞོན་ལས་སྐྲུན་པ། ལས་རིགས་སོ་སོའི་ན་གཞོན་འཐུས་ཚབ། དེ་མིན་འགྲན་ཞུགས་པའི་གཉེན་ཉེའི་ཚོགས་པ་བཅས་མི180ལྷག་ཞུགས་ཡོད།
ཐེངས་འདིའི་གློག་རྡུལ་དབུལ་སྐྱོར་ལས་སྐྲུན་ཆེད་དོན་འགྲན་བསྡུར་སྤེལ་ཏེ། གཙོ་ཆེར་སྔར་ལས་ལྷག་པའི་སྒོ་ནས་ན་གཞོན་རྣམས་ཀྱི་འདོད་བློར་གསན་པ་དང་། ན་གཞོན་ལས་སྐྲུན་པའི་མྱོང་ཚོར་ཕན་ཚུན་ལ་འབྲེལ་འདྲིས་སྒོས། ན་གཞོན་ལས་སྐྲུན་པའི་གཟི་ཉམས་མངོན་པ་དང་། སྔར་ལས་མང་པོའི་གློག་རྡུལ་ན་གཞོན་ཤེས་ལྡན་མི་སྣ་སྐྱེད་སྲིང་། བོད་ལྗོངས་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་གཉེར་ལམ་བུ་རྒྱ་བསྐྱེད། འཕྲིན་སྦྲེལ་དྲ་བའི་གློག་རྡུལ་སྟེགས་བུ་དང་གནད་ཁེལ་དབུལ་སྐྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ། ན་གཞོན་མང་པོར་ལས་སྐྲུན་ལ་སྐུལ་ལྕག་དང་། ན་གཞོན་རྣམས་ཀྱིས་དབུལ་ཐར་འགག་གྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་མངོན་འགྱུར་ལ་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱས།
འགྲམ་བསྡུར་འགོ་བརྩམས་པ་ནས་བཟུང་། གཞོན་ནུའི་ལས་སྐྲུན་རྣམ་གྲངས173ཙམ་འགྲན་བསྡུར་ལ་ཞུགས་པར་ཐོ་འགོད་བྱས། དུས་ཡུན་ཟླ་བ་གཅིག་རིང་གི་མང་འདེམས་དང་ཐོག་མའི་འགྲན་བསྡུར། བསྐྱར་འགྲན་སོགས་རིམ་པར་བརྒྱུད། མཇུག་མཐར། ཕུལ་བྱུང་རྣམ་གྲངས11རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཐུབ་པ་བྱུང་།
རྟིང་རྩོད་འགྲན་བསྡུར་དུ་གློག་རྡུལ་དངོས་འགྲན་དང“3+3”རྣམ་པ་སྤྱད་ཅིང་། གློག་རྡུལ་དངོས་འགྲན་ནི་འགྲན་ཞུགས་པ་སོ་སོས་རྩ་འཛུགས་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་ན་གཞོན་ལས་སྐྲུན་ཐོན་རྫས་དེར་དྲ་ལམ་ཚོང་ཁང་གཉེར་བ་མ་ཟད་ཚོང་གཉེར་བྱེད་པའི་རྣམ་པ་སྤྱད་པ་ཡིན། རྟིང་རྩོད་འགྲན་བསྡུར་གྱི་ཡུལ་དངོས“3+3”རྣམ་པ་ནི་སྐར་མ3ཡིPPTརྣམ་གྲངས་འགྲེམ་གཏོང་དང་། སྐར་མ32ཀྱི་དྲི་བ་དྲིས་ལན་ཡིན། གཙོ་སྒྲུབ་ལས་ཁུངས4ཡི་འབྲེལ་ཡོད་འགན་ཁུར་བ་དང་གློག་རྡུལ་ཁྱབ་ཁོངས་ཀྱི་ཀུང་ཟིའི་ཁེ་ལས་མཐོ་རིམ་དོ་དམ་པས་གྲུབ་པའི་རྟིང་རྩོད་དཔྱད་འདེམས་བརྒྱུད། ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3། ཁྱད་འཕགས་བྱ་དགའ5། ཕུལ་བྱུང་ཚོང་གཉེར་རུ་ཁག་གི་བྱ་དགའ1། ཕུལ་བྱུང་དྲ་རྒྱའི་མང་མོས་བྱ་དགའ1བཅས་བདམས་ཐོན་བྱུང་། རྟིང་རྩོད་བྱ་དགའི་རོགས་སྐྱོར་ཐེབས་རྩ་སྒོར་ཁྲི50ལ་སླེབས་པ་མ་ཟད་གློག་རྡུལ་ལས་སྐྲུན་གྱི་ན་གཞོན་པར་ལས་སྐྲུན་བར་སྟོང་ཞབས་ཞུར་མཁོ་འདོན་བྱེད་པ་ཡིན།