logo

དར་མཚོ་རྫོང་རིན་ཆེན་སྤུངས་མཛོད་རིག་གནས་ཚད་ཡོད་ཀུང་ཟིས་ཀླུ་མཆོད་སྡེ་བར་དབུལ་སྐྱོར་བྱས།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-04-25 ཀློག་གྲངས།:

 

ཀུང་ཟིའི་མི་སྣ་དང་དབུལ་ཕོངས་ཁྱིམ་ཚང་དག་གི་མཉམ་པར།

            གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། དར་མཚོ་རྫོང་རིན་ཆེན་སྤུངས་མཛོད་རིག་གནས་ཚད་ཡོད་ཀུང་ཟིའི་འགན་ཁུར་མི་སྣ་དང་ལས་བཟོ་བ་འགའ་དར་མཚོ་རྫོང་ཐང་ནག་ཞང་ཀླུ་མཆོད་སྡེ་བར་སོང་ནས། "དབུལ་སྐྱོར་མཁྲེགས་གཏོར་བྱས་ནས་ཐོན་ལས་སྤེལ། གནད་འཁེལ་དབུལ་ཁྱིམ་དབུལ་སེལ་ཏན་ཏིག་བྱ"ཞེས་པ་བརྗོད་གཞིར་བཟུང་ནས། དབུལ་ཕོངས་ཁྱིམ་ཚང་ཉི་ཤུ་ལྷག་ལ་རིན་གོང་སྒོར་སྟོང་བརྒྱད་ལྷག་བཏང་ནས། ཕྱེ་དང་འབྲས། གཡིས་སོགས་འཚོ་བར་མཁོ་བའི་དངོས་རྫས་མང་པོས་དབུལ་སྐྱོར་བྱས།

གྲོས་མཐུན་ཡེ་གེ་འགོད་བཞིན་པ།

           ཐང་ནག་ཞང་ཀླུ་མཆོད་སྡེ་བར་ཁྱིམ་ཚང་བཞི་བརྒྱ་ལྷག་ཡོད་ལ། སྡེ་བ་ཧྲིལ་བོ་རུ་ཁག་ལྔ་རུ་དབྱེ་ཡོད། ཐེངས་འདིར་རིན་ཆེན་སྤུངས་མཛོད་ཀུང་ཟིས་རུ་ཁག་རེ་ནས་ཆེས་དཀའ་ངལ་ཆེ་བ་དང་། ལོ་ལོན་བདག་མེད་སོགས་ཁྱིམ་ཚང་ལྔ་རེ་བདམས་ནས་མ་འོངས་པའི་རོགས་སྐྱོར་བྱེད་ཡུལ་གྱི་གྲོས་མཐུན་ཡེ་གེ་བཀོད།

 


འབྲེལ་ཡོད་འོས་སྦྱོར།