མང་རྫོང་གིས2017ལོའི་གནས་སྤོ་དབུལ་སྐྱོར་རྣམ་གྲངས་གཏན་འཁེལ་ཡག་པོ་བྱས་པ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-03-22
ཀློག་གྲངས།:
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་། ཀོས་ནན་རྫོང་དབུལ་སྐྱོར་འགོ་ཁྲིད་ཚན་ཆུང་གིས་གནས་སྤོར་སྲིད་ཇུས་དང་འཚམ་པའི་བྱ་བ་དེར་རོང་འབྲོག་ཁུལ་དུ་ཆེད་དུ་བརྟག་ཞིབ་གནང་བར་ཕེབས། སྡེ་དམངས་གྲོས་ཚོགས་དང་དབུལ་ཕོངས་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ། དུད་ཚང་རེ་རེར་བསྐྱོད་དེ་བརྟག་དཔྱད་གནང་བ་སོགས་རྣམ་པ་བརྒྱུད་དེ། ཞང་གྲོང་རྡལ་སྲིད་གཞུང་གིས་གནས་སྤོར་གོ་རིམ་ངོ་སྤྲོད་ནན་མོ་བྱས་པས། མིག་སྔར། 2017ལོའི་གནས་སྤོ་དབུལ་སྐྱོར་རྣམ་གྲངས་གཏན་འཁེལ་ཡག་པོ་བྱས། འཆར་གཞིའི་གཏོང་དངུལ་སྒོར་ཁྲི4508༼དེའི་ནང་ནོར་སྲིད་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་ཁྲི3403དང་མང་ཚོགས་ཀྱིས་བསྡུས་པའི་མ་དངུལ་སྒོར་ཁྲི1105འདུ༽བཏང་ནས་མགོ་མང་གྲོང་རྡལ་ཤ་རྒྱ་སྡེ་བ་དང་སུམ་མདོ་གྲོང་རྡལ་ཀླུ་ཞོལ་མ་སྡེ་བ།ཐར་ཤུལ་ཞང་རྟ་མང་སྡེ་བ་བཅས་ཁྱོན་བསྡོམས་ཞང་གྲོང་རྡལ3དང་སྡེ་བ3ཁྱིམ་ཚང550མི་གྲངས2112༼དེའི་ནང་ཚགས་བཙུགས་བྱང་བུ་ཅན་ཁྱིམ་ཚང108དང་མི་གྲངས396འདུ༽ལ་གནས་སྤོ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་སྤེལ་རྒྱུ་ཐག་གཅོད་བྱས། གནས་སྤོ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བརྒྱུད་དབུལ་ཕོངས་མང་ཚོགས་གཅིག་བསྡུས་འཚོ་སྡོད་དང་ཆུ་གློག་ལམ་གསུམ།རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བར་སྟབས་བདེ་ལེགས་པོ་བསྐྲུན་ངེས།
འབྲེལ་ཡོད་འོས་སྦྱོར།