logo

མཚོ་ལྷོ་ཁུལ་གྱིས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.92བརྩོན་ལེན་དོན་འཁྱོལ་བྱེད་རྒྱུ་རེད།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-03-20 ཀློག་གྲངས།:

       གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ད་ལོར་རང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་ལོ་འདིའི་ནང་དམ་འཛིན་གྱིས་སྡེ་བ35དབུལ་ཕོངས་ལས་གྲོལ་བར་བྱ་རྒྱུ་དང་། དབུལ་ཕོངས་མི་གྲངས་ཁྲི1དབུལ་ཐར་བྱེད་པའི་དམིགས་འབེན་ལས་འགན་གཅིག་ཏུ་བསྡུས་ནས་མཁྲེགས་གཏོར་བྱེད་པ་དང་གཏན་འཇགས་ཀྱི་སྒོ་ནས་དབུལ་ཐར་གཙོ་གནད་དུ་བཟུང་སྟེ།མུ་མཐུད་དུ་དབུལ་སྐྱོར་ལས་གཞིའི་མ་དངུལ་བརྩོན་ལེན་བྱ་ཚད་ཤུགས་སྣོན་བྱས་པས་ཁུལ་ཡོངས་ཀྱིས་རིམ་པ་དང་པོའི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.92བརྩོན་ལེན་དོན་འཁྱོལ་བྱས་པ།སྔོན་ལོ་དང་བསྡུར་ན་མ་དངུལ་གྲངས་འབོར་ཆེན་པོ་ལག་ཏུ་འབྱོར་བས། ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱེད་པར་ནུས་ལྡན་གྱིས་འགན་སྲུང་མཁོ་འདོན་བྱས་ཡོད།

       མགྱོགས་མྱུར་དགོས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ལོ་མགོར་ཞིང་ཆེན་ཡོངས་ཀྱིས་སྤེལ་བའིཉིན་བརྒྱའི་མཁྲེགས་གཏོརགྱི་འགུལ་སྐྱོད་འཆར་གཞི་ལྟར། ཐོན་ལས་འཕེལ་རྒྱས་དང་མ་དངུལ་ཡོང་སྒོར་བརྟེན་པ་རིགས་གཉིས་བརྒྱུད་དེ་ཁུལ་ཡོངས་ཀྱི་ཐོན་ལས་གཉེར་བའི་མི་གྲངས་དངོས་ཡིན་མིན་ལ་བཤེར་བ། དེ་མིན་དབུལ་སྐྱོར་ལས་གཞི་ལ་ཁ་གསབ་བསྣན་ཏེ་ཐོན་ལས་འཕེལ་རྒྱས་ཐད་རྨང་བཏིངས། མིག་སྔར་ཐོན་ལས་གཉེར་བར་མ་དངུལ་སྒོར་དུང་ཕྱུར1.28དོན་འཁྱོལ་བྱས་ཡོད་པ་དང་དབུལ་ཕོངས་མི་གྲངས20063ལ་དབུལ་ཐར་མཁྲེགས་གཏོར་གྱི་ཡིག་ཚགས་བཟོས།དབུལ་སེལ་ཐོན་ལས་གླིང་འཛུགས་སྐྲུན་གྱི་ལས་གཞི2ལ་མ་དངུལ་སྒོར་ཁྲི3000གཏོང་རྒྱུ་ཡིན་པ་དང་། ཤང་གྲོང་ཡུལ་སྐོར་ལས་རིགས་ལས་གཞི10ལ་མ་དངུལ་སྒོར་ཁྲི3000གཏོང་བ། སློབ་ཆེན་སློབ་མར་རོགས་དངུལ་སྒོར་ཁྲི307སྟེར་རྒྱུ་ཡིན་པ་དང་། ཆར་ཟིལ་འཆར་གཞིའི་ལག་རྩལ་གསབ་སྦྱོང་ལ་སྒོར་ཁྲི147གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།