གསེར་ཆེན་རྫོང་གིས་ཁྲིམས་འགལ་ཟས་དུག་རིགས་གཉིས་རྩད་ཆོད་བྱུང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2016-12-14
ཀློག་གྲངས།:
གསེར་ཆེན་རྫོང་གི་ཟ་ཁང་གཉིས་ནས་ཟས་དུག་གཉིས་རྩད་ཆོད་བྱུང་བ།
ཚོང་ཁང་རེ་རེར་ཞིབ་བཤེར་བྱེད་བཞིན་པ།
ཚོང་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།
ཧྭ་ལེན་དུས་རབས་སྒོ་རྩིས་ཚོང་ཁང་གི་སེ་པན་འཐག་མའི་ནང་དུ་རྫས(罗丹明B)བསྲེས་ཡོད་ལ། ཚོང་བདག་གིས་བཤད་པ་ལྟར་ན།(罗丹明B)ནི་མཚོ་སྔོན་ཞིང་ཆེན་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་ཀྱི་མི་ག་གེ་མོ་ཞིག་གིས་བཙོང་བ་ཡིན་ཟེར། མིག་སྔར། གྱོད་དོན་དེ་ཁྲིམས་འཛིན་ལས་ཁུངས་དང་ཁུལ་དང་རྫོང་གི་སྤྱི་བདེའི་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཁུངས་གཏུག་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན།
ཕིན་ཧྲ།
ཕིན་ཧྲ(硼砂)ལ་སི་ཕིན་སོན་ནའང་ཟེར། རྫས་འདི་ལ་མདོག་མེད་ཤེལ་གཟུགས་ཀྱི་ཐལ་ཕྱེ་འདུས་ཤིང་། ཆུ་ནང་སྦངས་ཚེ་མྱུར་དུ་འཇུ་སླ་ཞིང་། དུག་སེལ་གྱི་ནུས་པ་དང་། སྐག་ཚོས་དང་། གནོད་འབུ་གསོད་པ་སོགས་ཀྱི་ནུས་པ་ལྡན་པས་མིས་འཐུང་ཚེ་མིའི་ལུས་ཕུང་ལ་སྐྲན་ནད་འབྱུང་བ་སོགས་ཀྱི་གནོད་པ་ཆེན་པོ་བཟོ་ངེས་ཡིན་པས2008ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ཟས་རིགས་ཀྱི་ནང་དུ་ཕིན་ཧྲ་བསྲེས་མི་ཆོག་པ་གཏན་འཁེལ་བྱས་ཡོད།
ལོ་ཏན་མེནB
ལོ་ཏན་མེནB(罗丹名B)ལ་ཧྭ་ཧྥུན་ཧོང་ཡང་ཟེར། ཁམ་བུ་དམར་པོའི་མིས་བཟོས་བསྲེས་སྦྱོར་གྱི་མདོག་བསྒྱུར་རྫས་ཤིག་ཡིན། ཚོད་ལྟ་བྱས་པ་བརྒྱུད་ལོ་ཏན་མེནBཡིས་མིའི་ལུས་ཕུང་ལ་སྐྲན་ནད་བསྐྱེད་སྲིད་པས་དེང་སྐབས་ཟས་རིགས་མདོག་བསྒྱུར་ལ་བཀོལ་སྤྱོད་བྱེད་མི་རུང་བ་རྒྱལ་ཁབ་ཀྱིས་གཏན་འཁེལ་གསལ་བོ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།