བོད་ཡུལ་གྱི་ཁ་བཏགས་བཟོ་གྲྭ་ཐོག་མ་མཚོ་ལྷོ་ཐུན་ཏེ་རུ་བཙུགས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-11-28
ཀློག་གྲངས།:
བོད་ཡུལ་གྱི་ཁ་བཏགས་བཟོ་གྲྭ་ཐོག་མ་མཚོ་ལྷོ་ཐུན་ཏེ་རུ་བཙུགས་པ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ལྷ་དར་རིག་གནས་ཐོན་ལས་ཚད་ཡོད་འགན་ལེན་ཀུང་ཟི་ནི་ཐུན་ཏེ་རྫོང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་བོད་རང་གིས་བཙུགས་པའི་བོད་ཁམས་སུ་མ་དངུལ་བཏང་བ་ཆེས་མང་ཞིང་གཞི་རྒྱ་ཆེས་ཆེ་བའི་ཁ་བཏགས་ཐོན་སྐྱེད་བྱེད་སའི་ཆེད་ལས་རང་བཞིན་གྱི་ཁེ་ལས་ཐོག་མ་ཡིན་ལ། ཀུང་ཟི་འདིས་མི་འགྱངས་བར་བོད་མི་རིགས་ཀྱི་སྲོལ་རྒྱུན་ཁ་བཏགས་རིག་གནས་རྒྱུན་འཛིན་གསར་སྤེལ་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་ཚད་ལྡན་གྱི་ཁ་བཏགས་རིགས་སྣ་ཚོགས་ཐོན་སྐྱེད་དང་ལས་སྣོན་བྱེད་རྒྱུ་ཡིན་པར་མ་ཟད། དགོན་སྡེ་དང་གཞུང་སྒེར་གང་རུང་གི་འདོད་མོས་ལྟར་ཇུས་འགོད་ཡང་བྱེད་རྒྱུ་ཡིན་པས། རྒྱ་ཆེའི་འཛད་སྤྱོད་མཁན་རྣམས་ཀྱིས་ལྷ་དར་རིག་གནས་ཐོན་ལས་ཚད་ཡོད་འགན་ལེན་ཀུང་ཟིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ལགས།
བཟོ་གྲྭའི་འཛུགས་སྐྲུན་ཇུས་འགོད་རི་མོ།
བཟོ་གྲྭའི་གཞུང་ལས་ཁང་དང་ལྷུ་ལག་སྒྲིག་ཆས།
འབྲེལ་ཡོད་འོས་སྦྱོར།