བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པའི༼ཚོ་ཤོག་གསར་པའི་གླེང་སྟེགས༽གསལ་བརྡ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-11-24
ཀློག་གྲངས།:
བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པའི༼ཚོ་ཤོག་གསར་པའི་གླེང་སྟེགས༽གསལ་བརྡ།
ཁྱེད་ཅག་གཙོ་བྱས་པའི་འུ་ཅག་ཐུན་མོང་ལ་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་ཇེ་ཟབ། ཚོང་ལས་མཉམ་གཉེར་བྱེད་པའི་གོ་སྐབས་བཟང་བོ་ཞིག་འདོན་སྤྲོད་བྱ་ཆེད་དང་། ཕྱོགས་སོ་སོ་ན་ལས་རིགས་གསར་བ་འདྲ་མིན་སྣ་ཚོགས་ལ་འབད་འབུངས་བྱེད་མཁན་གྱི་ཁེ་ལས་པ་དང་ཚོང་བ་དག་མཐུན་སྒྲིལ་ཡོང་བ་དང་ཐོན་ཁུངས་སྣ་ཚོགས་ཕྱོགས་གཅིག་ཏུ་སྒྲིལ་བ། ལས་སྒོ་གསར་སྤེལ་མཁན་དག་གིས་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་ཤུགས་བརྒྱབས་ཏེ་ཡུལ་ཕྱོགས་དང་མཐའ་མཚམས་ལས་བརྒལ་བའི་ཐོན་ཁུངས་ཐུན་མོང་གིས་སྤྱོད་པ་མངོན་འགྱུར་ཡོང་ཆེད། བོད་ཀྱི་དཔལ་འབྱོར་འཕེལ་གླེང་སྟེགས་སྐབས་གཉིས་པ་དེ་ཚོ་ཤོག་གསར་པའི་ན་གཞོན་ཚོང་ལས་དཔུང་སྡེ་དང་གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་ཚད་ཡོད་ཀུང་ཟི་གཉིས་ཀྱི་གཙོ་སྒྲུབ་འོག2016ལོའི་ཟླ12ཚེས17ཉིན་གནའ་མཁར་ཟི་ལིང་གི་བན་ཏ་མགྲོན་བྲང་དུ་འཚོགས་རྒྱུ་ཡིན། ཚོགས་རའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད་པས་ཚོགས་ཞུགས་མི་ཆིག་སྟོང་བརྒྱད་བརྒྱ་ལྷག་ཤོང་ཐུབ།གངས་ལྗོངས་དགའ་ཡ་བོད་ལྭ་བཟོ་གྲྭའི་འགན་འཛིན་པ་དང་ལྷན་དུ་གྲོས་མོལ་བྱེད་བཞིན་པ།
ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི༼བོད་ཀྱི་ཁེ་ལས་གསར་འཛུགས་ཀྱི་རྣམ་པ་དང་ལས་སྒོ་གསར་སྤེལ་གྱི་གནས་བབ༽ཞེས་པ་དེ་ཡིན་ལ། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི༼ཕྱོགས་མང་པོའི་ཐད་ཀྱི་ལས་སྒོ་གསར་སྤེལ་གྱི་མཐོང་རྒྱ་དང་། ཚོང་རྟགས་རིན་ཐང་གི་ཁ་ཕྱོགས། ད་ལྟའི་ལས་གཞི་གསར་སྐྲུན་གྱི་རྣམ་པ༽སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱེད་པར། ཚོ་ཤོག་གསར་བས་བོད་ཁུལ་གྱི་ཆེད་མཁས་པ་དང་ཁེ་ལས་པ། བོད་ནང་ན་མིང་དུ་གྲགས་པའི་ཚོང་རྟགས་གསར་གཏོད་པ་སོགས་གདན་འདྲེན་ཞུས་ཏེ་ཁྱེད་ཅག་དང་མཉམ་དུ་ཁོ་ཚོའི་གྲུབ་འབྲས་མཉམ་རོལ་དང་། བོད་ཁུལ་གྱི་ཡུལ་ཕྱོགས་སོ་སོའི་དཔལ་འབྱོར་དང་ཚོང་ལས་ཀྱི་མདུན་དུ་ལྷགས་པའི་དཀའ་ངལ་དང་གནད་དོན་དག་ལ་དབྱེ་ཞིབ་བྱས་ཏེ། སྐུ་ཉིད་ལ་བོད་ཁུལ་གྱི་ཚབ་མཚོན་རང་བཞིན་གྱི་ཆ་འཕྲིན་བརྗེ་རེས་བྱེད་སའི་གར་སྟེགས་ཤིག་བསྐྲུན་འཆར་ཡོད།
འབྲེལ་ཡོད་འོས་སྦྱོར།