logo

མང་རྫོང་གིས2016ལོའི་མི་རིགས་གཙགས་དྲུབ་ནུས་རྩལ་སྦྱོང་བརྡར་མང་རའི་ཁང་གཞུང་སྡེ་བ་ནས་འཚོགས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-23 ཀློག་གྲངས།:

མང་རྫོང་གིས་མི་རིགས་གཙགས་དྲུབ་ནུས་རྩལ་སྦྱོང་བརྡར་བསྡུས་པ།

     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མང་རྫོང་དབུལ་སྐྱོར་གསར་སྤེལ་ཅུ་ཡིས2016ལོའི་མི་རིགས་གཙགས་དྲུབ་ནུས་རྩལ་སྦྱོང་བརྡར་མང་ར་ཡུལ་ཚོ་ཁང་གཞུང་སྡེ་བ་ནས་ཚོགས་ཤིང་གསོ་སྦྱོང་བྱས།


གཙགས་དྲུབ་སྦྱོང་བཞིན་པ།

     གསོ་སྦྱོང་ནང་ཞུགས་དུས། དབུལ་ཕོངས་མང་ཚོགས་རང་ཉིད་ཀྱིས་ཡར་ཞུ་དང་ཡུལ་ཚོ་དང་གྲོང་རྡལ་གྱིས་ཞིབ་བཤེར། དབུལ་སྐྱོར་གསར་སྤེལ་ཅུའི་འདྲི་དཔྱོད་མཆན་འགོད་སོགས་གོ་རིམ་བརྒྱུད་མཐར་མང་ར་ཡུལ་ཚོ་ཁང་གཞུང་སྡེ་བ་ནས་དབུལ་ཕོངས་ཁྱིམ་ཚང་གྱི་མི31ཐེངས་འདིའི་གཙགས་དྲུབ་ནུས་རྩལ་སྦྱོང་བརྡར་གྱི་གསོ་སྦྱོང་ལ་ཞུགས་པ་དང་།  ཐེངས་འདིའི་གསོ་སྦྱོང་ལ་སྤྱི་བསྡོམས་པའི་མ་དངུལ་སྒོར་ཁྲི4.96བཏང་ནས།  མི་རེར་གསོ་སྦྱོང་ཁ་གསབ་སྒོར1200དང་འཚོ་བའི་ཁ་གསབ་མི་རེར་སྒོར400 གཙགས་དྲུབ་གསོ་སྦྱོང་གི་ཚོགས་ཐུན480བཅས་ཡིན།


གཙགས་དྲུབ་སྦྱོང་བཞིན་པ།

     བོད་ཀྱི་འཚེམ་དྲུབ་ནི་མང་རྫོང་ས་ཁུལ་གྱི་སྲོལ་རྒྱུན་གཙགས་དྲུབ་ལག་རྩལ་ཞིག་ཡིན་པའི་ཆ་ནས་མང་རྫོང་མི་རིགས་རིག་གནས་ལྟེ་གནས་ཀྱིས་རྒན་པར་བོད་ཀྱི་འཚེམ་དྲུབ་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པ་དང་གནས་འདིའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་རིན་མེད་སློབ་སྦྱོང་བྱེད་སའི་ཁོར་ཡུག་བསྐྲུན་པ་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གསོ་སྦྱོང་བརྒྱུད་བོད་ཀྱི་འཚེམ་དྲུབ་ལག་རྩལ་ལ་བྱང་ཆུབ་རྗེས་ཚོང་ལམ་བཏོད་ནས་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་པར་སྐུལ་འདེད་བྱས།


འབྲེལ་ཡོད་འོས་སྦྱོར།