logo

མཚོ་ལྷོ་ཁུལ་དུ་རྒན་བཀུར་དཔེ་ལེགས་ཅན་ལ་གཟེངས་རྟགས་གནང་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-10-28 ཀློག་གྲངས།:


མཚོ་ལྷོ་ཁུལ་དུ་རྒན་བཀུར་དཔེ་ལེགས་ཅན་ལ་གཟེངས་རྟགས་གནང་བའི་ཚོགས་འདུ་བསྡུས་པ།

     སྤྱི་ཟླ10བའི་ཚེས26ཉིན། མཚོ་ལྷོ་ཁུལ་རྒན་ཨུ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་དམངས་སྲིད་ཅུའུ། ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབས་པའི༼བརྩེ་བའི་གཟི་མདངས༽བརྗོད་གཞི་ཡིན་པའི་མཚོ་ལྷོ་ཁུལ་གྱི་རྒན་བཀུར་དཔེ་ལེགས་ཅན་ལ་གཟེངས་རྟགས་གནང་བའི་ཚོགས་འདུ་དེ་ཁུལ་རིག་གནས་བརྒྱུད་སྒྲོག་སྨྱན་སྦྱོར་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ།


ཐེངས་འདིའི་ཚོགས་འདུར་ཞུགས་པའི་མགོ་ཁྲིད་ལྷན་རྒྱས།

     ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུའུ་ཚོགས་མི། ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་ཏང་བཟོ་ཨུའི་ཆེད་བསྐོས་ཧྲུའུ་ཅི་ཟུར་པ་ཁྲེན་ཆིང་ཧྭ་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཟུར་པ་ཝང་ཅན་མིང་། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཟུར་པ་དཔལ་ཆེན་རྒྱལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཟུར་པ་ཝང་ཕིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་རེན་ཅན་མིང་། ཞིང་ཆེན་རྒན་པའི་གཞུང་ལས་ཁང་དང་། ཞིང་ཆེན་དམངས་སྲིད་ཐིང་གི་སྤྱི་ཚོགས་ཕན་བདེ་ཁྲུའུ། གཞན་ཁུལ་གྱི་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་གཙོ་བོ་དང་རྫོང་ཁག་སོ་སོའི་སྲིད་གཞུང་གི་དམངས་སྲིད་འགན་འཛིན་གྱི་རྫོང་དཔོན་ཟུར་པ་དང་དམངས་སྲིད་ཅུའི་ཅུའུ་ཀྲང་། རྒན་པའི་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རིན་དང་རྫོང་སོ་སོའི་རྒན་གསོ་ཁང་གི་ཡོན་ཀྲང་། བདག་སྐྱོང་པ་ཕུལ་བྱུང་ཅན་གྱི་འཐུས་ཚབ་སོགས་འབྲེལ་ཡོད་མི་སྣ་སུམ་བརྒྱ་ལྷག་ཞུགས་ཡོད།   ཁུལ་དམངས་སྲིད་ཅུའི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་འབྲུག་འབུམ་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་གནང་ཞིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཟུར་པ་ཝང་ཕིང་གིས་ཤིས་ཚིག་ཕུལ། ཞིང་ཆེན་དམངས་སྲིད་ཐིང་གི་ཏང་ཙུ་ཚོགས་མི། ཞིང་ཆེན་སྤྱི་ཚོགས་རྩ་འཛུགས་ཏང་བཟོ་ཨུའི་ཆེད་བསྐོར་ཧྲུའུ་ཅི་ཟུར་པ་ཁྲེན་ཆིང་ཧྭ་ཡིས་སྨོན་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་ཟུར་པ་ཝང་ཅན་མིང་གིས་མཚོ་ལྷོ་ཁུལ་གྱི་རྒན་བཀུར་དཔེ་ལེགས་ཅན་གྱི་མཚན་ཐོ་ཁྱབ་བསྒྲགས་གནང་།


རྒན་བཀུར་དཔེ་ལེགས་ཅན་ལ་གཟེངས་རྟགས་གནང་བཞིན་པ།

རྒན་བཀུར་དཔེ་ལེགས་ཅན་ལ་གཟེངས་རྟགས་གནང་བཞིན་པ།

རྒན་བཀུར་དཔེ་ལེགས་ཅན་ལ་གཟེངས་རྟགས་གནང་བཞིན་པ།

གཟེངས་རྟགས་ཐོབ་པའི་རྒན་བཀུར་དཔེ་ལེགས་ཅན།

གཟེངས་རྟགས་ཐོབ་པའི་རྒན་བཀུར་དཔེ་ལེགས་ཅན་གྱི་མཉམ་པར།



འབྲེལ་ཡོད་འོས་སྦྱོར།