logo

མགོ་ལོག་ནས་ཞི་ཨན་བར་གྱི་གནམ་གྲུ་ཤར་གཏོང་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2016-09-28 ཀློག་གྲངས།:
      མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།མཚོ་སྔོན་གནམ་གྲུ་ཐང་ཀུང་སི་དང་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་གཉིས་ཀྱི་ཐུན་མོང་གི་ཧུར་བརྩོན་འོག  ཟླ9བའི་ཚེས27ཉིན། མགོ་ལོག་གནམ་གྲུ་ཐང་གི་མཁའ་ལམ་ཐོག་མ་སྟེ་ཞི་ཨན་ནས་ཟི་ལིང་དང་ཟི་ལིང་ནས་མགོ་ལོག་བར་གྱི་མཁའ་ལམ་ཤར་གཏོང་བྱས།
     མཁའ་ལམ་འདིའི་གནམ་གྲུའི་ཨང་རྟགས་ནིMU2307ཡིན་པ་དང་།  ཆུ་ཚོད7དང་སྐར་མ05ཐོག་ཞི་ཨན་ནས་འཕུར་མགོ་ཚུགས་རྒྱུུ་དང་།  ཆུ་ཚོད་8དང་སྐར་མ35ཡི་སྟེང་ཟི་ལིང་དུ་འབྱོར་རྒྱུ།  ཆུ་ཚོད9དང་སྐར་མ15ཡི་སྟེང་ཟི་ལིང་ནས་འཕུར་མགོ་ཚུགས་ནས་མགོ་ལོག་ཏུ་འབྱོར་དུས་ཆུ་ཚོད10དང་སྐར་མ05རེད། མགོ་ལོག་ནས་ཞི་ཨན་བར་གྱི་གནམ་གྲུའི་ཨང་རྟགས་ནིMU2308ཡིན་པ་དང་།  ཆུ་ཚོད10དང་སྐར་མ45ཡི་སྟེང་མགོ་ལོག་ནས་འཕུར་མགོ་ཚུགས་རྒྱུ།  ཆུ་ཚོད11དང་སྐར་མ35ཡི་སྟེང་ཟི་ལིང་འབྱོར་ཐུབ། ཆུ་ཚོད12དང་སྐར་མ20ཡི་སྟེང་ཡང་བསྐྱར་ཟི་ལིང་ནས་འཕུར་མགོ་ཚུགས་ཏེ།  ཆུ་ཚོད13དང་སྐར་མ55ཡི་སྟེང་ཞི་ཨན་ལ་འབབ་རྒྱུ་ཡིན་ལ།  ཉིན་རེར་གནམ་གྲུ་ཐེངས་གཅིག་རེ་གཏོང་བ་ཡིན། ཡུལ་སྐོར་འགྲུལ་བཞུད་མཁན་དག་གིས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་དྲ་བAppདང་ཡང་ན་མགོ་ལོག་གནམ་གྲུ་ཐང་གི་གནམ་གྲུའི་པ་སེ་ཉོ་སའི་ཁ་པར་ཨང་གྲངས0975-8358888ལ་འབྲེལ་གཏུག་བྱེད་པའམ་ཡང་ན་ཤར་ཕྱོགས་མཁའ་འགྲུལ་ཟི་ལིང་ལས་གཉེར་ཁང་གི་པ་སེ་ཉོ་སའི་ཁ་པར་ཨང་གྲངས0971-8816954ལ་འབྲེལ་གཏུག་བྱས་ནས་གནམ་གྲུའི་པ་སེ་ཉོ་ཆོག་པ་རེད། མཁའ་ལམ་འདིའི་གནམ་གྲུའི་པ་སེ་རིན་གོང་སྒོར200ཡིན་པ་དང་།  དེའི་ནང་གནམ་གྲུ་ཐང་འཛུགས་སྐྲུན་གྱི་རིན་མི་འདུས་སོ། །


འབྲེལ་ཡོད་འོས་སྦྱོར།