logo

དར་མཚོ་རྫོང་གི་མཁར་གྲོང་མ་བྱན་སྦྱོང་བརྡར་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-09-21 ཀློག་གྲངས།:

     
དར་མཚོ་རྫོང་གི་མཁར་གྲོང་མ་བྱན་སྦྱོང་བརྡར་འཛིན་གྲྭ་བསྡུས་པ།

     ཟླ9བའི་ཚེས་18ཉིན་གྱི་ཕྱི་དྲོར། དར་མཚོ་རྫོང་བུད་མེད་ལྷན་ཚོགས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཉམ་འབྲེལ་བྱས་ཏེ། རྒྱ་ཆེའི་བུད་མེད་རྣམ་པ་སྤྱི་ཚོགས་དཔལ་འབྱོར་གྱི་གྲས་སུ་ཞུགས་པ་དང་ཁོ་མོ་ཚོའི་ལས་གཏོད་ལ་གསོན་ཤུགས་རྒྱས་སུ་འཇུག་པ་དང།   མཁར་གྲོང་གི་ལས་ཀ་མེད་པའི་བུ་མོ་ཚོར་རང་ལ་དབང་བའི་ལག་རྩལ་བཟང་བོ་ཞིག་ཤེས་སུ་འཇུག་ཆེད། རང་རྫོང་གི་ལས་ཀ་མེད་པའི་བུད་མེད་ལྔ་བཅུ་ལྷག་ལ་མ་བྱན་སྦྱོང་བརྡར་འཛིན་གྲྭའི་མཛད་སྒོ་བསྡུས།
     མཛད་སྒོའི་སྟེང་དུ་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་ཐེངས་འདིའི་མ་བྱན་སྦྱོང་བརྡར་གྱི་གལ་ཆེན་རང་བཞིན་དང་དོན་སྙིང་སོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནངས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མ་བྱན་སྦྱོང་བརྡར་གྱི་དུས་ཡུན་ཉིན་ལྔ་བཅུ་ཡིན་པ་དང་།ཁོ་མོ་ཚོར་ཉིན་གཅིག་ལ་སྒོར་ཉི་ཤུའི་འཚོ་བའི་ཁ་སྣོན་ཀྱང་སྤྲད་འདུག དེ་མིན་མཐར་ཕྱིན་ལག་རྟགས་ཀྱང་ཡོད་པས། འདིས་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་ནས་ཁོ་མོ་ཚོས་ལས་ཞུགས་དང་ལས་གཏོད། ཡོང་སྒོ་འཕར་བ་བཅས་ཀྱི་ཐད་ལ་རྨང་གཞི་བརྟན་པོ་འཇོག་ངེས།


འབྲེལ་ཡོད་འོས་སྦྱོར།