logo

མཚོ་ལྷོ་ཁུལ་གྱི་ཞབས་ཞུའི་ལས་རིགས་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-09-21 ཀློག་གྲངས།:
     ད་ལོ་ནས་བཟུང་། རང་ཁུལ་གྱིས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དེ་དེང་རབས་ཞབས་ཞུའི་ལས་རིགས་མཐོར་འདེགས་དང་རྒྱ་ཆེར་གཏོང་བའི་སྣེ་ཁྲིད་མཁན་དུ་རྒྱུན་འཁྱོངས་བྱས་ནས་མགྱོགས་མྱུར་གྱིས་གསེར་ཆེན་རྫོང་ཚལ་རྔ་འགག་ལྗོངས་ཁུལ་དང་ཁྲི་ཀའི་ཉམས་འགྱུར་སྟོང་ལྡན་མཚེའུ་སྐྱེ་ཁམས་ཡུལ་སྐོར་སོགས་གནད་ཆེའི་ལས་གཞི་ཉེར་གསུམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་དང་ཕྱིའི་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱས་ཏེ་འཕེལ་རྒྱས་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བཏང་།
     ཐེངས་དང་པོའི་རི་ཁུལ་གྱི་ལྕགས་རྟའི་ལས་འགུལ་སྒར་ས་ད་ལོར་དངོས་སུ་ལས་གཉེར་བྱས་པ་དང་ཡུལ་སྐོར་སྐད་འཕྲིན་སྤྱི་སྟེགས་དངོས་སུ་གཏོང་མགོ་ཚུགས་པར་མ་ཟད་ཞིང་ཆེན་ཕྱི་ནང་གི་ས་ཁུལ་མང་པོ་ནས་ཡུལ་སྐོར་དྲིལ་སྒྲོག་བྱ་འགུལ་སྤེལ་ནས་དྭངས་གཙང་མཚོ་ལྷོའི་མིང་རྟགས་གྲགས་ཅན་དང་ཤུགས་རྐྱེན་ནུས་པ་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་བཏང་།མཚོ་སྔོན་པོའི་ལྷོ་ངོགས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བ་བརྟན་པོའི་ངང་སྤེལ་ཏེ་ཁྲིམས་འགལ་ངང་ཁང་བ་འཛུགས་སྐྲུན་བྱེད་པ་དང་སྦྲ་གུར་འཛུགས་པའི་འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
ཟླ་བརྒྱད་པའི་ཟླ་མཇུག་བར།ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་གྲངས་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བདུན་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་བདུན་ལྷག་ལ་སླེབས་པ་དང་ན་ནིང་གི་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆའི་བཅོ་བརྒྱད་དང་བརྒྱ་ཆའི་ཉེར་གཉིས་འཕར་ཡོད།


འབྲེལ་ཡོད་འོས་སྦྱོར།