logo

བློ་བཟང་ཚན་རྩལ་གྱི་མཁའ་དབུགས་ནུས་ཁུངས་དྲོད་རླངས་མ་ལག་གི་ཆིངས་འཇོག་མཛད་སྒོ་ཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2016-07-04 ཀློག་གྲངས།:

བློ་བཟང་ཚན་རྩལ་གྱི་མཁའ་དབུགས་ནུས་ཁུངས་དྲོད་རླངས་མ་ལག་གི་ཆིངས་འཇོག་མཛད་སྒོ་འཚོགས་པ།

     སྤྱི་ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། བློ་བཟང་ཚན་རྩལ་གྱི་མཁའ་དབུགས་ནུས་ཁུངས་དྲོད་རླངས་མ་ལག་གི་ཆིངས་འཇོག་མཛད་སྒོ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཏེ་མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཚོགས་ཁང་ཆེན་མོ་རུ་བསྡུས་ཤིང་། ཐེངས་འདིའི་ཆིངས་འཇོག་མཛད་སྒོ་ལ་བློ་བཟང་ཚན་རྩལ་ཀུང་ཟིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་བློ་བཟང་ལགས་ཀྱིས་འགོ་འཛིན་བྱས་ཤིང་། མང་རྫོང་སྲིད་གཞུང་དང་མང་རྫོང་ལས་རིགས་ལག་རྩལ་སློབ་གྲྭ   གཙང་གསུམ་འབྱུང་ཡུལ་ཚོགས་པ། མགོ་ལོག་གངས་ལྗོངས་ནོར་བུ། མཚོ་སྔོན་ཉི་གཞོན་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི། ཁྲི་ཀ་རྫོང་གི་མགྲོན་ཁང་སོ་སོའི་སྦྱིན་བདག་དང་ཁེ་ལས། སྲིད་གཞུང་གི་འཐུས་མི་བཅས་ཐེངས་འདིའི་ཆིངས་འཇོག་མཛད་སྒོར་ཞུགས།
     ཐེངས་འདིའི་ཆིངས་འཇོག་མཛད་སྒོ་སྟེང་དུ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་ལས་བྱེད་མི་སྣ། ད་དུང་ཕྱོགས་ཡར་མར་ནས་ཡོང་བའི་ཁེ་ལས་པ། བློ་བཟང་ཚན་རྩལ་ཀུང་ཟིའི་ལས་བཟོ་པ་དང་སློབ་མ100ལྷག་འདུས་ཏེ་ཆིངས་འཇོག་མཛད་སྒོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་།


འབྲེལ་ཡོད་འོས་སྦྱོར།