མང་རྫོང་རྒྱན་ཡག་མི་རིགས་རིག་གནས་ཚན་རྩལ་ཚད་ཡོད་ཀུང་ཟི་ངོ་སྤྲོད་མདོར་བསྡུས།
བྱ་དགའ་ཐོབ་པ།
རྒྱན་ཡག་བོད་ལྭ།
རྒྱན་ཡག་བྱིས་པའི་བོད་ལྭ།
རྒྱན་ཡག་བོད་ཀྱི་ཕོ་ལྭ།
རྒྱན་ཡག་བོད་ལྭ་སྣ་ཚོགས།
རྒྱན་ཡག་བོད་ལྭ།
རྒྱན་ཡག་བྱིས་པའི་བོད་ལྭ།
རྒྱན་ཡག་བོད་ཀྱི་མོ་ལྭ།
རྒྱན་ཡག་བོད་ལྭ་གྱོན་ཏེ་འཁྲབ་སྟོན་བྱེད་པ།
རྒྱན་ཡག་བོད་ལྭ་གྱོན་པའི་འཁྲབ་སྟོན་པ།
མང་རྫོང་རྒྱན་ཡག་མི་རིགས་རིག་གནས་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་ན་གཞོན་ཁེ་ལས་པ་མཁའ་འགྲོ་རྒྱལ་མཚོས་སྤྱི་ལོ2015ལོའི་ཟླ5བར་གསར་དུ་ཐོ་འགོད་བྱས་ཏེ་བཙུགས་པའི་ཁེ་ལས་རང་བཞིན་གྱི་ཀུང་ཟི་ཞིག་སྟེ། ཀུང་ཟི་འདིས་བོད་རང་གི་གནའ་དེང་གི་གྱོན་གོས་སྣ་ཚོགས་རྒྱུད་འཛིན་དང་དར་སྤེལ་གྱི་རྨང་གཞི་བྱས་ཐོག བོད་ལྭ་སྣ་ཚོགས་ཇུས་འགོད་ཐོན་སྐྱེད། ཕྱིར་འཚོང་བྱེད་ཀྱིན་ཡོད་པ་རེད།
མཁའ་འགྲོ་རྒྱ་མཚོ་ནི་མང་རྫོང་བྱ་མདོ་ཡུལ་ཚོ་ཀོར་མདོ་སྡེ་བའི་མི་ཡིན་ཞིང་། སློབ་ཆུང་དང་སློབ་འབྲིང་དུ་འགྲིམས་རྗེས་སྤྱི་ལོ1996ལོ་ནས་བཟུང་ཐར་ཤུལ་ཡུལ་ཚོ་རུ་བཟོ་ཁང་ཆུང་ཆུང་ཞིག་ཕྱེས་ནས་ཉམས་མྱོང་བསོགས་འཇོག་དང་དེ་གའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་ལྟར་བོད་ལྭ་སྣ་ཚོགས་བཟོས་པས་དེ་གའི་རོང་འབྲོག་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། 2010ལོར་མང་རྫོང་ཞོ་སྟོན་ཚོང་རའི་ནང་དུ་བཟོ་ཁང་ཕྱེས་པ་དང་། བཟོ་ཕྲུག་བདུན་ཙམ་བསྡུས་ནས་བོད་ཀྱི་སྲོལ་རྒྱུན་གྱོན་གོས་བཟོ་འཚོང་གི་ལམ་དུ་ཞུགས། རིམ་བཞིན་དཔལ་འབྱོར་གྱི་ཡོང་སྒོ་དང་། ཚོང་རའི་དགོས་མཁོ། བཟོ་ཁང་གི་འཕེལ་རྒྱས་བཅས་སུ་དམིགས་ནས་སྤྱི་ལོ2015ལོའི་ཟླ5བར་མང་རྫོང་རྒྱན་ཡག་མི་རིགས་རིག་གནས་ཚན་རྩལ་ཚད་ཡོད་ཀུང་ཟི་གསར་དུ་ཐོ་འགོད་བྱས་ཤིང་། ད་ལྟ་ཀུང་ཟི་འདིས་ཐོན་སྐྱེད་བྱས་པའི་བོད་ལྭ་སྣ་ཚོགས་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་གྱི་ས་ཁུལ་སོ་སོར་ཕྱིར་འཚོང་འབྲེལ་ལམ་བཙུགས་ཡོད་པ་རེད། ཀུང་ཟི་འདིས་བོད་རང་གི་སྲོལ་རྒྱུན་བོད་ལྭའི་བཟོ་སྟངས་རྒྱུད་འཛིན་བྱས་ཐོག རྒྱལ་ནང་དང་རྒྱལ་ཕྱིའི་གྱོན་གོས་སྣ་ཚོགས་གང་ལ་གང་འཚམ་གྱི་ཚུལ་དུ་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་བཞིན་ཡོད། རྒྱ་གར་དང་བལ་བོ་ནས་ཐེར་མ་དང་ཨིནྡྲ་ནཱི་ལ་སོགས་པའི་ནོམ་པ་རྩ་ཆེན་དང་། ནང་ལོགས་དང་ལྷ་ས་ནས་རྒྱུ་སྤུས་ལེགས་པའི་རས་དང་གོས་ཕྲུག་སོགས་ནང་འདྲེན་བྱས་ཏེ། རང་རང་གི་འདོད་ལྟར་རོང་འབྲོག་རྣམས་ཀྱི་བོད་ལྭ་བཟོ་བཞིན་ཡོད་པ་མ་ཟད། ད་དུང་ན་གཞོན་ཕོ་མོ་ཀུན་གྱི་འདོད་མོས་ལྟར་དེང་རབས་ལུགས་ཀྱི་གྱོན་གོས་ཇུས་འགོད་དང་བཟོ་འཚོང་བྱེད་བཞིན་ཡོད།
ཀུང་ཟི་འདིས་ཐོན་རྫས་གཙོ་བོ་ལ། མདོ་དབུས་ཁམས་གསུམ་གྱི་བཟོ་ལུགས་མི་འདྲ་བའི་ཤོམ་ལྭ་དང་བྲོ་ལྭ། ཚར་ལྭ་སོགས་གྱོན་གོས་ཀྱི་རིགས་ཡོད་པ་མ་ཟད་ད་དུང་སྐྲ་ལུང་རྫོགས་ཐིག ཐོ་ལོགས་སོགས་གཙག་དྲུབ་ཀྱི་རིགས་དང་། གསེར་དངུལ་གྱི་རྣ་ལུང་དང་བཞོ་གཟུང་སོགས་རྒྱན་ཆའི་རིགས་ཡོད་པས་ཀུང་ཟིའི་ཐོན་རྫས་ལ་རྒྱ་ཆེ་བའི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པ་དང་། སྔ་རྗེས་སུ། མཚོ་ལྷོ་ཁུལ་ཆབ་ཆ་གྲོང་བརྡལ་དང་། མང་རྫོང་གི་ལས་ཁུངས་དང་སློབ་གྲྭ་སོ་སོས་ཐུན་མོང་གིས་ཤོམ་ལྭ་མངག་བཟོ་བྱས་ཏེ་ས་གནས་ཀྱི་ཡུལ་སྐོར་དུས་ཆེན་དང་རིག་གནས་དུས་སྟོན་དུ་ཞུགས་མྱོང་ལ། གཞན་ད་དུང་ཀུང་ཟའི་མིང་ཐོག་ནས་བོད་ཀྱི་རྒྱན་གོས་འགྲེམ་སྟོན་འགྲན་བསྡུར་སོགས་ལ་ཐེངས་འགར་ཞུགས་ནས་ཀུན་གྱིས་གདེང་འཇོག་ཚད་མཐོན་པོར་ཐོབ་མྱོང་། དཀའ་སྡུག་མང་པོ་བརྒྱུད་ནས་དེ་རིང་གི་ལམ་འདིར་ལྷགས་དུས། ཁྱོད་ཚོ་དང་འབྲལ་ཐབས་མེད་ལ། སང་ཉིན་གྱི་ཉི་གཞོན་བསུས་དུས། ཁྱེད་ཀྱི་རེ་བ་དང་བསམ་འཆར་ནི་དེ་བས་ཀྱང་འབྲལ་ཐབས་མེད། མ་འོངས་པར། མུ་མཐུད་དུ་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱི་བཟོ་རྩལ་རྒྱུན་འཁྱོངས་བྱས་ཏེ། བོད་ཁུལ་ཡོངས་སུ་ཁ་ཕྱོགས་ནས་བོད་ལྭ་དང་བོད་ཀྱི་རྒྱན་ཆ་སྣ་ཚོགས་བཟོ་འཚོང་བྱེད་པའི་འཆར་གཞི་ཡོད་པ་མ་ཟད། དེང་རབས་ལུགས་ཀྱི་གྱོན་གོས་ཀྱི་བཟོ་རྩལ་ནང་འདྲེན་བྱས་ཏེ། བོད་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་བོད་ལྭ་ཐོན་སྐྱེད་བཟོ་འཚོང་གི་ཕྱོགས་སུ་ནུས་པ་ཤུགས་བསྐྱེད་ཀྱི་སྤོབས་པ་དང་ཡིད་ཆེས་བརྟན་པོ་ཡོད་དོ།།
བཟོ་གྲྭའི་སྡོད་གནས། མང་རྫོང་མཐུན་སྒྲིལ་ཐང་ཆེན་སྒོ་རྟགས་ཨང46པ།
འབྲེལ་གཏུག་མི་སྣ། མཁའ་འགྲོ་རྒྱ་མཚོ།
འབྲེལ་གཏུག་ཁ་པར། 15597582555/15650946111/15650946222