logo

མང་རྫོང་ཁྱུང་སྨན་ཞིང་ལས་གསར་བ་འདོན་སྤེལ་ཚད་ཡོད་ཀུང་སིས་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-28 ཀློག་གྲངས།:


མང་རྫོང་ཁྱུང་སྨན་ཞིང་ལས་གསར་བ་འདོན་སྤེལ་ཚད་ཡོད་ཀུང་སིས་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན།

མང་རྫོང་ཁྱུང་སྨན་ཞིང་ལས་གསར་བ་འདོན་སྤེལ་ཚད་ཡོད་ཀུང་སིས་ས་གནས་མང་ཚོགས་ལ་ཕན་ཁེ་བསྐྲུན་པ།

     རྒྱུས་ལོན་བྱུང་བ་ལྟར་ན། མང་རྫོང་ཁྱུང་སྨན་ཞིང་ལས་གསར་བ་འདོན་སྤེལ་ཚད་ཡོད་ཀུང་སི་ནི2015ལོའི་ཟླ4བའི་ཚེས1ཉིན་དངོས་སུ་བཙུགས་ཤིང་། འདིའི་ངོ་བོ་ནི་ཚད་ཡོད་འགན་འཁྲི་ཀུང་སི་ཡིན་ལ། ཐོ་བཀོད་མ་རྩ་སྒོར་ཁྲི375ལྷག་བཏང་ཡོད། ཀུང་སིའི་གཉེར་སྐྱོང་གི་ཐད་ནས་རང་བདག་དང་རང་ཚུགས་རྩིས་བཤེར་བྱེད་པ་དང་། ཁེ་གྱོང་རང་ཁུར་རང་རྐྱ་འཕེར་བའི་ཁྲིམས་མིའི་ཐོབ་ཐང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་བྱེད་པའི་ཞིང་ལས་ཐོན་རྫས་དང་ལས་སྣོན་ཕྱིར་འཚོང་གཞི་གཅིག་ཏུ་བསྡུས་པའི་དེང་རབས་ཅན་གྱི་ཁེ་ལས་ཞིག་རེད།
     ཀུང་སིའི་གཙོ་བོའི་ཐོན་རྫས་ལ་ཚོད་མ་སྙོལ་བ་དང་ཅང་ཡིའུ། ཚུའུ། ཚགས་ཤ་ཤ་མོ་སོགས་ཡོད། མིག་སྔར་ཀུང་སི་འདིར་དབྱེ་ན་སྤྱི་ཁྱབ་ཅིང་ལི་དང་ཕྱིར་འཚོང་ཁྱབ་གདལ་པུའུ། ནོར་དོན་པུའུ། སྲིད་འཛིན་སྡེ་ཁག སྐྱེ་དངོས་རྫས་འགྱུར་ཁང་དང་རྫས་འགྱུར་བརྟག་ཞིབ་ཁང་། ཐོན་སྐྱེད་ལས་སྣོན་པུའུ། ལག་རྩལ་གྱི་སྤུས་ཚད་པུའུ་བཅས་སྡེ་ཁག་དགུ་ཡི་གྲུབ་ཡོད་ལ། བསྡོམས་པས་ལས་བཟོ་པ20ཡོད་ཅིང་། དེ་ལས་ཆེད་ལས་ཐོབ་ཐང་ཅན5ཡོད། 
     ཀུང་སིས་གཉེར་སྐྱོང་དང་དོ་དམ་བྱེད་སྟངས། སྒྲིག་ཆས་སོགས་ཁྱོན་ཡོངས་ནས་ཆ་ཚང་དུ་བཏང་ཡོད་ལ། དོ་དམ་གྱི་ཐད་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་སྐོར་ཞིག་ཡོད་པས། ཀུང་སི་འདིས་ས་གནས་མང་ཚོགས་ལ་ཞིང་ལས་ཐད་ནས་ཕན་ཁེ་བསྐྲུན་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།