logo

མང་རྫོང་གིས་ཁ་གྱ་ཆུ་མཛོད་ཀྱི་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་སྔར་ལས་བཟང་བོ་བྱས་པ།

རྩོམ་པ་པོ།:ཚེ་རིང་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-27 ཀློག་གྲངས།:

ཁ་གྱ་ཆུ་མཛོད་ཀྱི་ཡུལ་དངོས།
ཁ་གྱ་ཆུ་མཛོད་ཀྱི་ཡུལ་དངོས།


ཆུ་མཛོད་ཀྱི་སྒྲིག་ཆས་གསར་བ།

      རྒྱུས་ལོན་པ་ལྟར་ན། ད་ལོར། མང་རྫོང་གིས་རྫོང་ཡོངས་ཀྱི་མི་དམངས་ཀྱིས་འཐུང་ཆུའི་གནད་དོན་ལ་གཞིགས་ནས། ཁ་གྱ་ཆུ་མཛོད་ཀྱི་ཡུལ་དངོས་ལ་བཅའ་འདྲིར་བྱིན་པར་མ་ཟད། ཁ་ཚ་དགོས་གཏུག་ཏུ་གྱུར་བའི་ཆུའི་གནད་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས།
     རྒྱུས་ལོན་བྱས་པ་ལྟར་ན། ཁ་གྱ་ཆུ་མཛོད་ཀྱི་འབྱུང་ཁུངས་ནི་མུ་གེ་ཐང་གི་ས་འོག་གི་ཆུ་ཡིན་པ་དང་ཆུ་མཛོད་ཀྱི་ཆེས་ཟབ་སར་རྨི18ལྷག་ཡོད་པ་དང་དུས་ཚིགས་རེ་རེར་ཆུའི་གསོག་ཚད་རྨི་གྲུ་བཞི་མ་ཁྲི350ལ་སླེབས་པ་མ་ཟད། ཆུའི་གསོག་ཚད་འདང་བའི་དུས་སུ་རྨི་གྲུ་བཞི་མ་ཁྲི680ལ་སླེབས་ཡོད།
     སྔོན་གྱི་ཆུ་མཛོད་ཀྱི་སྒྲིག་ཆས་རྙིང་བ་ཡིན་སྟབས། མཚམས་ལན་རེར་ཆུ་མི་གཙང་བའི་གནས་ཚུལ་འབྱུང་སྲིད་ཀྱང་། ཆེད་མཁས་པའི་གསུང་རྒྱུར་དེས་མིའི་ལུས་ཕུང་ལ་གནོད་པ་མེད་ཟེར། ཆུ་བཀོལ་སྤྱོད་བྱེད་དུས་ཝུ་བ་མང་དུ་འཕྱུར་བ་ནི་ཆུའི་གནོན་ཤུགས་ཆེ་བའི་རྐྱེན་ཡིན་ཟེར། ཆུ་རྙོགས་འབྱུང་བ་ནི་རྫོང་མཁར་འཛུགས་སྐྲུན་བྱེད་དུས་ཆུའི་སྦུ་གུ་བཅད་པའི་རྐྱེན་གྱིས་ཡིན་ཟེར། རྫོང་སྲིད་གཞུང་གིས་ལོ་འདི་འགར་བྱུང་བའི་ཆུའི་གནད་དོན་ལ་གཞིགས་ནས2014ལོར་མ་དངུལ་སྒོར་ཁྲི་700ལྷག་བཏང་བ་དང་འཕྲུལ་ཆས་གསར་བ་ནང་འདྲེན་བྱས་ནས་ཆུའི་གནད་དོན་ཐག་གིས་བཅད།
     ཆུ་གསོག་རྫིང་བུའི་ཆུ་ནི་དྭངས་ཤིང་གཙང་ལ་རྒྱ་ཐོག་སྡེ་བ་དང་རྫོང་ཐོག་གི་ཆུ་གསོག་རྫིང་བའི་ཆུའི་གསོག་ཚད་ཏུན1900ལ་སླེབས་ཡོད་པས་ཁྱིམ་ཚང་ཡོངས་ཀྱི་འཐུང་ཆུའི་གནད་དོན་ལ་འདང་རྒྱག་མེད་ཟེར།


འབྲེལ་ཡོད་འོས་སྦྱོར།