ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོར་རོགས་སྐྱོར་ཀྱི་དཔྱད་བསྡུར་གྲོས་ཚོགས་བསྡུས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2015-10-26
ཀློག་གྲངས།:
ཉེ་ལམ། ཅང་སུའུ་ཞིང་ཆེན་ཁ་གཏད་རོགས་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ནས«ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད»དཔྱད་བསྡུར་གྲོས་ཚོགས་བསྡུས།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་བཟང་བོར་སྤེལ་ཆེད། ཅང་སུའུ་ཞིང་ཆེན་གྱིས་བྱ་བའི་བཀོད་སྒྲིག་ལྟར་དུ་ད་ལོའི་ལོ་མགོར་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཟོ་བྱ་བ་སྤེལ་མགོ་བརྩམས། ད་ལོའི་ཟླ་གསུམ་པར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས«ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་འགོད་སྒྲིག་བཟོ་བྱ་བ་སྤེལ་བའི་སྐོར་གྱི་བརྡ་སྦྱོར»འགྲེམ་སྤེལ་བྱས་རྗེས། ཅང་སུའུ་ཞིང་ཆེན་ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་གིས་ཡང་བསྐྱར་ཐེངས་མང་པོར་འབྲེལ་ཡོད་ཆེད་མཁས་པ་རོགས་སྐྱོར་བྱེད་ཡུལ་དུ་མངགས་ནས་ཞིབ་བཤེར་ཞིབ་འཇུག་བྱས་པར་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་བར་ཡང་དང་བསྐྱར་དུ་བརྗེ་རེས་སྦྲེལ་མཐུད་བྱས་པ་དང་། ཐེངས་མང་པོའི་དག་བཅོས་འཐུས་ཚང་བརྒྱུད་དེ། «ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་བསམ་འཆར་བསྡུ་ལེན་མ་ཡིག»སྒྲིག་བཟོ་བྱས་ཚར་བ་མ་ཟད་རྒྱལ་ཁབ་ཀྱི་རེ་བ་ལྟར་དུ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས།
ཚོགས་ཐོག་ནས་འཆར་འགོད་ཀྱི་ནང་དོན་ཐད་ནས་འཐུས་ཚང་ཞིང་གཙོ་གནད་འབུར་དུ་ཐོན་ཡོད་ལ། སྤྱིའི་དམིགས་འབེན་ཐད་ནས་ཁ་གསལ་ཞིང་ལས་གཞི་བཀོད་སྒྲིག་འོས་མཐུན་བྱས་ཡོད་པ་དང་། འགན་སྲུང་བྱེད་ཐབས་བཟང་བོ་སྤྱད་ཡོད་པས། དཔྱད་བསྡུར་གཏན་འབེབས་བྱེད་པར་གྲོས་འཆམ་བྱུང་ཟེར། ཚོགས་ཐོག་ནས་འཆར་འགོད་སྒྲིག་བཟོ་ལས་ཁུངས་དང་ཕྱོགས་གཉིས་ཀའི་ཁ་གཏད་རོགས་སྐྱོར་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་བར་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་སྤྱི་ཁོག་གི་འཆར་འགོད་དང་སྦྲེལ་མཐུད་སྔར་ལས་བཟང་བོ་བྱས་ཏེ། ཁྱབ་ཁོངས་རྒྱ་བསྐྱེད་དང་གཙོ་གནད་གཙིགས་འཛིན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པར་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དཔེ་འཐུས་ཚང་དང་སྒྲིག་སྲོལ་གསར་སྐྲུན་དང་། ཕྱོགས་གཅིག་གིས་དངུལ་གཏོང་བ་དང་ཕྱོགས་གཉིས་ཀར་ཕན་འདོགས་པ་སོགས་ཕྱོགས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། དུས་ལྟར་རྒྱུ་སྤུས་བཟང་ཞིང་མཛུབ་སྟོན་རང་བཞིན་དང་ཁ་གཏད་རང་བཞིན་ལྡན་ལ། སྤྱོད་གོ་ཆོད་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཆར་འགོད་ཀྱི་ཡིག་ཆ་བཟོ་དགོས་པའི་རེ་བ་བཏོན།

འབྲེལ་ཡོད་འོས་སྦྱོར།