logo

འབའ་རྫོང་འབའ་ལུང་ཞང་འབའ་ཞོལ་མ་སྡེ་བའི་སྡེ་སྡོད་དབུལ་སྐྱོར་བྱ་བའི་ཚོ་ཆུང་གིས་དམངས་དོན་སྒྲུབ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-10 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་འབའ་ཞོལ་མ་
སྡེ་བར་འདྲུད་འཐེན་འཁོར་ལོ་དང་བརྔོ་བསྡུ་འཕྲུད་འཁོར་ཉོས།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་དབུལ་སྐྱོར་ས་གནས་འབའ་ལུང་ཞང་འབའ་ཞོལ་མ་སྡེ་བར་མ་དངུལ་སྒོར་ཁྲི30ལྷག་བཏང་སྟེ་འདྲུད་འཐེན་འཁོར་ལོ་དང་བརྔོ་བསྡུ་འཕྲུད་འཁོར་ཉོས།
འདྲུད་འཐེན་འཁོར་ལོ།

     ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་དབུལ་སྐྱོར་ས་གནས་འབའ་ལུང་ཞང་འབའ་ཞོལ་མ་སྡེ་བར་མ་དངུལ་སྒོར་ཁྲི30ལྷག་བཏང་སྟེ་འདྲུད་འཐེན་འཁོར་ལོ་དང་བརྔོ་བསྡུ་འཕྲུད་འཁོར་ཉོས།
     རོགས་སྐྱོར་བྱ་བ་བདེ་ལེགས་ངང་འགྲུབ་ཆེད། འབའ་ཞོལ་མ་སྡེ་བའི་ཞིང་ཆེན་དང་ཁུལ་གྱི་སྡེ་སྡོད་ལས་བྱེད་མི་སྣས་སྡེ་བའི་དམངས་ཀྱི་བསམ་ཚུལ་ལ་གཞིགས་ནས་ཁྱིམ་ཚང་སོ་སོར་སོང་སྟེ་རོགས་སྐྱོགས་བྱ་བ་སྤེལ།
     ད་ལོར་འབའ་ཞོལ་མའི་དབུལ་སྐྱོར་བྱ་བའི་ཚན་ཁག་དང་སྡེ་བའི་ལས་བྱེད་མི་སྣ། ད་དུང་བློ་མཐུན་རྒན་པ་འགའ་སོགས་མཚོ་སྔོན་མི་རིགས་ཆོགས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ལ་འབའ་ལུང་ཞང་འབའ་ཞོལ་མ་སྡེ་བའི་ཞིང་ལས་སྒྲིག་ཆས་བསྒྱུར་བཀོད་སྐོར་གྱི་ལས་གཞིའི་སྙན་ཞུ་ཕུལ་བར་བརྟེན། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་བརྟག་དཔྱད་བྱས་རྗེས་འབའ་ལུང་ཞང་འབའ་ཞོལ་མ་སྡེ་བར་འདྲུད་འཐེན་འཁོར་ལོ་དང་བརྔོ་བསྡུ་འཕྲུད་འཁོར་ཉོ་སྒྲུབ་བྱས་པར་མ་ཟད། ད་དུང་བཟོ་གྲྭའི་ནང་གི་མི་མངགས་བཅོལ་བྱས་ཏེ་ཡུལ་ དངོས་ནས་ཁྲིད་སྟོན་དང་གསབ་སྦྱོང་བྱས་ཏེ་འབའ་ཞོལ་མའི་སྡེ་དམངས་ཡོངས་ཀྱིས་དགའ་བསུ་ཚད་མེད་ཐོབ།
     ད་ལྟའི་བར་དུ། ཞིང་ཆེན་དང་ཁུལ། ཡུལ་ཚོ་དང་སྡེ་བ་རིམ་པའི་སྡེ་སྡོད་ལས་བྱེད་མི་སྣས་འབའ་ཞོལ་མ་སྡེ་བའི་བྱ་བའི་མགོ་བརྩམས་པ་ནས་བཟུང་སྟེ་གཟབ་ནན་གྱིས་སྡེ་བའི་ལས་གཞིའི་རྣམས་གྲངས་སོ་སོ་དར་སྤེལ་དུ་བཏང་བར་མ་ཟད། ཧུར་ཐག་གིས་སྡེ་བའི་ཁོར་ཡུག་གཙང་སྦྲ་དང་། ཆབ་སྲིད། དམངས་ཀྱི་འཚོ་བ་བསྒྱུར་བཀོད་སོགས་ཀྱི་རྨང་གཞིའི་བྱ་བ་བདེ་ལེགས་ངང་སྒྲུབ་སྟེ་འབའ་ཞོལ་མ་སྡེ་བའི་དབུལ་སྐྱོར་བྱ་བའི་ཚན་ཁག་གིས་གྲོ་ཕྱེ་སྤྱི་རྒྱ5000དང་འབྲས་སྤྱི་རྒྱ2500ལྷག་བླངས། དེ་དང་མཉམ་དུ་འབའ་ཞོལ་མ་སྡེ་བའི་བཟའ་སྣུམ་ལས་སྣོན་བཟོ་གྲྭ་གསར་འཛུགས་བྱས་པ་དེའི་ཁྲོད་དུ་ཞིང་ཆེན་གྱིས་དབུལ་སྐྱོར་རྒྱ་བསྐྱེད་དེ་མ་དངུལ་སྒོར་ཁྲི50ལྷག་གིས་རོགས་སྐྱོར་བྱས་ལ། དེ་ལས་དབུལ་སྐྱོར་བྱ་བའི་ཚན་ཁག་གིས་སྒོར་ཁྲི3བླངས་ཏེ་ནགས་ཚལ་སྲུང་སྐྱོབ་ཁང་བཙུགས་པར་མ་ཟད། འབའ་ཞོལ་མ་སྡེ་བའི་བཟའ་སྣུམ་དང་ཕྱེ་འཐག་གི་གནད་དོན་ཐག་གིས་བཅད།
     དབུལ་སྐྱོར་སྐབས་སུ། ཞིང་ཆེན་དང་ཁུལ། ཡུལ་ཚོ་དང་སྡེ་བའི་སྡེ་སྡོད་ལས་བྱེད་མི་སྣས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་དང་སྡེ་བའི་མང་ཚོགས་ཀྱི་གནད་དོན་དང་དཀའ་ངལ་མང་བོ་སེལ།


འབྲེལ་ཡོད་འོས་སྦྱོར།