logo

མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ལོ་འཁོར་བཅུ་གཉིས་ཀྱི་བྱ་དགའ་གནང་བའི་དགོང་ཚོགས་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2015-06-29 ཀློག་གྲངས།:
     མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་བསྡུས་ནས་ལོ་འཁོར་བཅུ་གཉིས་ལོན་པའི་རིང་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་བྱེད་མཁན་དང་འགྲེམ་སྟོན་ལ་ཞུགས་པའི་ཚོང་གཉེར་བ། རྒྱལ་ཁབ་སོ་སོའི་ཚོང་ལས་མཐུན་ཚོགས། ལས་རིགས་རྩ་འཛུགས་མཁན་སོགས་ལ་གཟེངས་བསྟོད་བྱེད་ཆེད། སྤྱི་ཟླ6པའི་ཚེས26ཉིན། 2015ལོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ལོ་འཁོར་བཅུ་གཉིས་ལོན་པའི་བྱ་དགའ་སྟེར་བའི་དགོང་ཚོགས་ཟི་ལིང་ནས་བསྡུས།
     ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་སོགས་འགོ་ཁྲིད་ཀྱིས་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུར་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཧི་ཧྲིའོ་མེན་དང་། མཚོ་སྔོན་བོད་ཀྱི་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཀྲང་ཧིན་བེ། འཛམ་གླིང་ལག་ཤེས་བཟོ་ལས་ས་དགན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁུའུ་ཁི་སོགས་ལ་ཚེ་གོང་བོའི་གྲུབ་འབྲས་བྱ་དགའ་གནང་།
     ལོ་ངོ་བཅུ་གཉིས་རིང་ལ། མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་མཁན་དང་ཚོང་གཉེར་བ། ལས་རིགས་མཐུན་ཚོགས་བཅས་འབྲེལ་ཡོད་རྩ་འཛུགས་དང་ལས་བྱེད་མི་སྣས་དེའི་ཐད་ལ་སེམས་ཤུགས་ཡོད་ཚད་བཏོན་ནས་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་སྔར་ལས་ཇེ་ལེགས་སུ་བཏང་།


འབྲེལ་ཡོད་འོས་སྦྱོར།