འབའ་རྫོང་ཞོལ་མ་ཞང་གིས་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་དངོས་འབེབས་བྱས་པ།
འབའ་རྫོང་ཞོལ་མ་ཞང་གིས་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་དངོས་འབེབས་བྱས་པ།
ད་ལོ་ནས་བཟུང་། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་ལུགས་མཐུན་སྒོས་བཀོད་སྒྲིག་སྒྲིག་ཆས་བཀོད་པ། ཁོར་ཡུག་ལེགས་བཅོས་དང་འདུས་གྲོང་མཛེས་བཟོ་བཅས་དམིགས་འབེན་ཏུ་བྱས་ནས། ད་ལོར་མ་དངུལ་སྒོར་ཁྲི2450བཏང་ཏེ་ཞོལ་མ་ཞང་སྟག་གསོད་སྡེ་བ་དང་རྨོག་དཀར་སྡེ་བ་གཉིས་ལ་དབུལ་སྐྱོར་མཁྲེགས་གཏོར་གྱི་རྣམ་གྲངས་དངོས་འབེབས་བྱས།རྣམ་གྲངས་འདི་ཁྱིམ་ཚང269དང་མི1076ལྷག་ལ་འབྲེལ་ཡོད། མ་དངུལ་ཁྲི225བཏང་ནས་རྡོའུ་དཀར་དང་རྨོག་དཀར། དྭ་བ་སོགས་ཀྱི་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དང་དམངས་བདེའི་ཞབས་ཞུ་ལྟེ་གནས་བཅས་དངོས་འབེབས་བྱས་ལ། དེའི་ནང་དྭ་བ་སྡེ་བ་དང་རྡོའུ་དཀར་སྡེ་བའི་སྨི་གྲུ་བཞི་མ520ཡི་ཏང་ཡོན་བྱ་འགུལ་དཀྱིལ་སྙིང་འདུ། དེ་མིན་མ་དངུལ་ཁྲི108བཏང་ནས་རྗེས་མཐུད་འཛུགས་སྐྲུན་རྣམ་གྲངས་དེས་སྟག་གསོད་འདུས་གྲོང་འཕྲོད་བསྟེན་ཁང་གི་ཞག་སྡོད་ཐོག་ཁང་འཛུགས་སྐྲུན་བྱས། མ་དངུལ་ཁྲི350བཏང་ནས་ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭར་ཟ་ཁང་དང་དྲོད་འདོན་ཁང་གསར་འཛུགས་བྱས།
ལོ་གསུམ་རིང་གི་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་བརྒྱུད་ནས་ཞང་སྡེ་འདིའི་ཁྱིམ་ཚང1896དང་མི7470ཡི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་ལེགས་འགྲུབ་བྱུང་ཚད100%ཡིན། དེ་དང་མཉམ་ཏུ། གོམ་གང་མདུན་སྤོས་སྒོས་སྟག་གསོད་འདུས་གྲོང་གི་འཛུགས་སྐྲུན་ལ་ལུགས་མཐུན་སྒོས་འཆར་འགོད་བྱས་ཏེ། ཁང་རྙིང137མེད་པར་བཟོས། མཁར་གྲོང་གི་འཛུགས་སྐྲུན་རྒྱ་བསྐྱེད་པ་དང་གྲོང་རྡལ་གྱི་མ་དངུལ་གཏོང་ཚད་ཆེ་རུ་བསྐྱེད་ནས་ལོ་མཇུག་ལ་མཛེས་སྡུག་འབྱོར་ཕྱུག་ལྡན་པ། འཆམ་མཐུན་གྱི་གྲོང་རྡལ་གསར་བ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས།