logo

མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2015-01-19 ཀློག་གྲངས།:
      སྤྱི་ཟླ1པོའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་སྟེང་ད་ལོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བས་འཁྲུལ་མེད་དབུལ་སྐྱོར་བྱེད་རྒྱུར་གཅིག་གྱུར་སྒོས་བཀོད་འདོམས་བྱས་ནས། འཁྲུལ་མེད་དབུལ་སྐྱོར་དང་མཁྲེགས་གཏོར་གཉིས་ཟུང་འབྲེལ་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཟུང་འབྲེལ་བྱས་ཏེ། དབུལ་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དབུལ་སྐྱོར་གྱི་སྣང་ཚུལ་བཟང་བོ་བསྐྲུན་ཏེ། སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་བཅས་མཐུན་སྦྱོར་སྒོས་སྤེལ་བའི་དབུལ་སྐྱོར་བྱ་བའི་རྣམ་པ་བཟང་བོ་ཧུར་ཐག་སྒོས་བསྐྲུན་རྒྱུ་གཏན་འཁེལ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་བྱས།
      གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་འཁྲུལ་མེད་དབུལ་སྐྱོར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཆ་འཕྲིན་ཅན་གྱི་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ། འཁྲུལ་མེད་དབུལ་སྐྱོར་ལམ་ལུགས་སྔར་ལས་ཟབ་སྤེལ་བྱེད་རྒྱུ་དང་། ནོར་སྲིད་དབུལ་སྐྱོར་མ་དངུལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ། འཁྲུལ་མེད་དབུལ་སྐྱོར་བཟོ་སྐྲུན་སྔར་ལས་ལག་བསྟར་བྱེད་རྒྱུ་ཡིན་ལ། གཙོ་བོར་དངུལ་ལོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ་དང་གནས་གཞན་དུ་སྤར་ནས་དབུལ་སྐྱོར་བྱེད་པ་སོགས་དབུལ་སྐྱོར་བཟོ་སྐྲུན་ཆེན་པོ་བཅུར་དམིགས་ནས། དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་དང་། དེ་དང་མཉམ་དུ་མུ་འབྲེལ་དབུལ་སྐྱོར་མཁྲེགས་གཏོར་དང་དམིགས་བསལ་ཅན་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་མུ་མཐུད་དུ་བསྒྲུབ་རྒྱུ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་ས་ཁུལ་དྲུག་གི་དབུལ་སྐྱོར་མཁྲེགས་གཏོར་བཟོ་སྐྲུན་སྤེལ་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཁྱད་ཆོས་ཐོན་ལས་བཅུར་དམིགས་ཏེ། ཁྱད་སྟོབས་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།