མང་རྫོང་གཙགས་དྲུབ་ནི་མཚོ་སྔོན་ཞིང་ཆེན་གྱི་གསར་བསྣན་ས་ཁམས་མཚོན་རྟགས་བདེན་དཔང་ཚོང་རྟགས་སུ་གྱུར།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-10-09
ཀློག་གྲངས།:
ཉེ་སྔོན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུས་རྩ་འཛུགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ས་ཁམས་མཚན་རྟགས་བདེན་དཔང་ཚོང་རྟགས་འཁོར་བསྐྱོད་ཡུལ་དངོས་གཟིགས་ཞིབ་ཚོགས་འདུ་དེ་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་གྱི་མང་རྫོང་གཙགས་དྲུབ་ནི་མཚོ་སྔོན་ཞིང་ཆེན་གྱི2014ལོའི་གསར་བསྣན་ས་ཁམས་མཚན་རྟགས་བདེན་དཔང་ཚོང་རྟགས་ཀྱི་ཁྱད་ལྡན་ཐོན་རྫས5ཡི་གྲས་ཤིག་ཡིན་པའི་ཆ་ནས་ཉིན་དེར་བཀྲམ་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྐྱེ་ལྡན་མཚན་རྟགས་ཀྱི་ཁྱད་འཕགས་རང་བཞིན་དང་སྤུས་ལེགས་རང་བཞིན་ཡོངས་སུ་ངོམ།
མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་གནང་བ་ལྟར་ན། ས་ཁམས་མཚན་རྟགས་བདེན་དཔང་ཚོང་རྟགས་ཀྱིས་མཚོན་པའི་ཐོན་རྫས་ཚང་མས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་མཚོན་ལ། སྤྱིར་བཏང་གི་ཚོང་རྟགས་གཞན་ལས་ཐུན་མོང་མ་ཡིན་པའི་སྤུས་ཚད་འགན་སྲུང་ནུས་པ་དང་མིང་གྲགས་མཚན་རྟགས་བསྐྲུན་པའི་ཁྱད་འཕགས་རང་བཞིན་ལྡན་པ་རེད།
འབྲེལ་ཡོད་འོས་སྦྱོར།