logo

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་བི་ཤྭ་ཀརྨའི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་གླིང་གི་ལས་སྒོ་ཕྱེས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-26 ཀློག་གྲངས།:


མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་བི་ཤྭ་ཀརྨའི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་གླིང་གི་ལས་སྒོ་ཕྱེས།

     ཉེ་ལམ། དུས་ཡུན་ལོ་གཅིག་རིང་གི་འཛུགས་སྐྲུན་བརྒྱུད། ཁྲི་ཀ་རྫོང་རྨ་ནུབ་བཟོ་ལས་གླིང་གི་ཁྲི་ཀ་རྫོང་བི་ཤྭ་ཀརྨའི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་གླིང་གི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་ཞིང་ཟླ9བའི་ཚེས14ཉིན་གྱི་སྔ་དྲོར་དངོས་སུ་ལས་སྒོ་ཕྱེས་པ་དང་། གཙགས་དྲུབ་ལས་བཟོ་བ30ལྷག་རང་རློམ་ཆེན་མོས་ལས་ཀར་ཞུགས།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་བི་ཤྭ་ཀརྨའི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་གླིང་གི་ལས་སྒོ་ཕྱེས།

     ལས་གཞི་འདི་ནི་རིག་གནས་རྒྱུན་འཛིན་དང་། ཐོན་ལས་ཚོད་ལྟ། ཡུལ་སྐོར་དར་སྤེལ། ཁོར་ཡུག་ལེགས་པོ། སྤྱི་ཚོགས་ལ་ཕན་ཁེ་བསྐྲུན་པ་བཅས་ཀྱི་བརྗོད་དོན་གཞིར་བཟུང་སྟེ། གཙོ་ཆེར་བོད་ཀྱི་གཙགས་དྲུབ་དང་། ཐང་ག མི་རིགས་གྱོན་ཆས་ཐོན་སྐྱེད་ལས་སྣོན་ས་ཁུལ། བི་ཤྭ་ཀརྨའི་ལག་བཟོའི་ཐོན་རྫས་འགྲེམ་སྟོན་ས་ཁུལ། བོད་ཀྱི་སྒྱུ་རྩལ་གསར་སྐྲུན་རོལ་མྱོང་ས་ཁུལ། བོད་ཀྱི་སྒྱུ་རྩལ་འགྲེམ་སྟོན་ས་ཁུལ། བི་ཤྭ་ཀརྨའི་ལག་བཟོ་སྒྱུ་རྩལ་འཚོང་འགྲེམ་ས་ཁུལ་བཅས་བསྐྲུན་པ་ཡིན། འཆར་འགོད་ལྟར་ན་སྤྱིའི་མ་དངུལ་སྒོར་ཁྲི950དང་། དོན་དངོས་སུ་མ་དངུལ་སྒོར་ཁྲི980བཏང་ལ། 103.2%ལེགས་འགྲུབ་བྱུང་། བཟོ་བཀོད་འཛུགས་སྐྲུན་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3758ཡིན།
     ལས་གཞི་འདི་ནི2012ལོའི་ཟླ12པར་འཛུགས་སྐྲུན་གྲ་སྒྲིག་བྱས་ཤིང་། ཞིང་ས་མུའུ13དང་སྨི་གྲུ་བཞི་མ8646.6ཡས་མས་ཡིན། 2013ལོའི་ཟླ4བར་དངོས་སུ་འཛུགས་སྐྲུན་གྱི་མགོ་བརྩམས་པ་དང་། 2014ལོའི་ཟླ9བར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་མ་ཟད་དངོས་སུ་ཐོན་སྐྱེད་ལས་སྒོ་ཕྱེས་པ་རེད།


འབྲེལ་ཡོད་འོས་སྦྱོར།