གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་གཟབ་རྒྱས་ངང་ཚོང་རར་བཀྲམ་པ།
གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་ཆེད་ཚོང་གི་ཚོང་རའི་མཛད་སྒོའི་ཡུལ་དངོས།
ཟླ4བའི་ཚེས6ཉིན། གཡང་དཀར་བོད་ཀྱི་རིག་གནས་གསར་འདོན་ཚད་ཡོད་ཀུང་ཟི་དབུ་བཙུགས་པ་དང་གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་ཆེད་ཚོང་གི་ཚོང་རའི་མཛད་སྒོ་མཚོ་ལྷོ་ཆབ་ཆ་རུ་གཟབ་རྒྱས་ངང་བསྡུས་པ་དང་།གཡང་དཀར་ཚང་ནི་སློབ་ཆེན་པའི་གསར་གཏོད་ཀྱི་ལམ་བུ་ཞིག་དང་སྤྱི་ཚོགས་ལས་ཤོར་མི་སྣའི་དགོས་མཁོའི་ཞབས་ཞུ། བོད་རང་གི་ཐོན་ལས་གསར་འདོན་དང་སློབ་ཆེན་སློབ་མའི་ནུས་ཤུགས་སྐུལ་སྤེལ། བརྡ་འཕྲིན་ཚོང་ལས་འཕེལ་རྒྱས་སོགས་སྒོ་དུ་མར་དམིགས་ནས་བཙུགས་པའི་ཞབས་ཞུའི་ཁེ་ལས་ཞིག་ཡིན།
གཡང་དཀར་རྟགས་ཅན་བོད་མིའི་གོས་རྒྱན་གསར་བ་ཆེད་ཚོང་ཁང་།
གཡང་དཀར་ནི་མཐོ་སྒང་གི་བོད་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་ཡིན་པ་དང་། གཡང་དཀར་ལུག་བལ་ལས་ཐོན་པའི་མཁོ་ཆས་དག་ཀྱང་གནའ་དུས་ནས་བཟུང་བོད་མིའི་འཚོ་བ་རིམ་གྱིས་གོང་འཕེལ་དུ་སོང་བ་དང་བསྟུན་ཁོ་ཚོའི་བར་བརྩེ་བ་ཧ་ཅང་ཟབ་མོ་ཞིག་ཆགས་འདུག དེ་བཞིན་གྱོན་གོས་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ཞིང་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ། ཕྱི་གོས་རྒྱན་གྱི་སྟེང་ནས་མི་རིགས་དེའི་ནང་ཀུན་སྤྱོད་དང་འདུ་ཤེས་སོགས་མཚོན་པར་མ་ཟད། མི་རིགས་དེའི་ཤེས་རིག་ལྡན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཚོན་གྱི་ཡོད། བོད་མི་རིགས་ནི་འཛམ་གླིང་དུ་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་གོས་དར་སྔ་བའི་མི་རིགས་ཤིག་ཡིན་ལ་གཡང་དཀར་བལ་ལས་ཐོན་པའི་གྱོན་གོས་ནི་གོས་རྒྱན་ཁྲི་འབུམ་ཁྲོད་ཆེས་དྲོད་ཁོལ་འཛོམས་པ་དང་ཆེས་རྒྱུ་སྤུས་བཟང་བ་དེ་ཡིན་ལ། དེ་བས་གཡང་དཀར་དེ་ཚོང་རྟགས་སུ་བཀོད་པ་དང་རང་ཁྱིམ་ནང་གི་ཐོན་རྫས་གཙང་མའི་དྲི་མ་ཡལ་ཞིང་མདོག་མ་ཤོར་བ། ལྷད་མ་འདྲེས་པར་གནའ་དེང་ཟུང་འབྲེལ་སྒོས་འཕེལ་རྒྱས་དང་འཐུས་ཚང་སུ་བཏང་སྟེ་འཛམ་གླིང་རང་བཞིན་དུ་བསྐྱོད་པའི་ཁུར་བོ་དེ་ནི་གངས་ཅན་གཞོན་ནུ་དག་གི་འགན་འཁྲི་རུ་འདུག
གཡང་དཀར་ཚང་གི་ཐོན་རྫས།