logo

བོད་ཁམས་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་བོད་བཟོ་ཀུན་ཁྱབ་ཞེས་པས་ནོར་ཁུལ་གྱི་ཐོན་རྫས་ཚོང་རར་བཀྲམ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-29 ཀློག་གྲངས།:


བོད་ཁམས་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་བོད་བཟོ་ཀུན་ཁྱབ་ཞེས་པས་ནོར་ཁུལ་གྱི་ཐོན་རྫས་ཚོང་རར་བཀྲམ་པ།
藏区传统手工艺企业推出环保类牦牛毛编制物
བོད་ཁམས་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་བོད་བཟོ་ཀུན་ཁྱབ་ཞེས་པས་ནོར་ཁུལ་གྱི་ཐོན་རྫས་ཚོང་རར་བཀྲམ་པ།

  བོད་ཁམས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བ་དང་བསྟུན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་སྣ་ཚོགས་རྒྱལ་ནང་དང་རྒྱལ་ཕྱིའི་ཚོང་རའི་སྟེང་རིམ་གྱིས་དར་སྤེལ་བྱུང་ཞིང་དགའ་བསུའང་ཆེན་པོ་ཐོབ་དང་འཐོབ་བཞིན་ཡོད་པ་རེད། གཅིག་ནས་དེང་རབས་ཀྱི་སྤྱི་ཚོགས་ཀྱི་མཁོ་འདོད་ཚིམས་པར་བྱེད་པ་དང་གཉིས་ནས་ཉམས་དམས་སུ་འགྲོ་བཞིན་པའི་བོད་ཀྱི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འཛིན་སྤེལ་བྱ་ཆེད། བོད་ཁམས་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་ཏེ་བོད་བཟོ་ཀུན་ཁྱབ་ཞེས་པས་ནོར་ཁུལ་གྱི་ཐོན་རྫས་ཁེ་ལས་ཤིག་རིམ་གྱིས་དར་སྤེལ་བྱུང་།


བོད་ཁམས་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་བོད་བཟོ་ཀུན་ཁྱབ་ཞེས་པས་ནོར་ཁུལ་གྱི་ཐོན་རྫས་ཚོང་རར་བཀྲམ་པ།

བོད་ཁམས་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་བོད་བཟོ་ཀུན་ཁྱབ་ཞེས་པས་ནོར་ཁུལ་གྱི་ཐོན་རྫས་ཚོང་རར་བཀྲམ་པ།

  བོད་བཟོ་ཀུན་ཁྱབ་ཞེས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་མཚོན་རྟགས་དེ་ནི་འཇམ་དབྱངས་རྒྱ་མཚོ་ཞེས་པས་བསྐྲུན་པ་ཡིན་ལ། ཁེ་ལས་དེས་བོད་ཀྱི་སྲོལ་རྒྱུན་གྱི་འཁལ་འཐག་ལག་ཤེས་དང་དུས་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཇུས་འགོད་གཉིས་ཟུང་དུ་སྦྲེལ་ནས། གཙོ་བོ་ཁོར་ཡུག་སྲུང་སྐྱོབ་དགོངས་སྙིང་དུ་བྱས་པའི་ནོར་ཁུལ་གྱི་ཐོན་རྫས་རིགས་སྣ་ཚོགས་ཐོན་སྐྱེད་བྱས་པར་བརྒྱུད། བོད་ཀྱི་འཁལ་འཐག་ལག་རྩལ་དར་སྤེལ་དུ་གཏོང་བཞིན་ཡོད་པ་རེད། 
 


འབྲེལ་ཡོད་འོས་སྦྱོར།