རྨ་ཆུའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་སྒྲུབ་ཁང་གིས་འབྲོག་པ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐུལ་པ།
རྨ་ཆུའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་སྒྲུབ་ཁང་གི་གསོལ་མགྲོན་ཁང་།
རྨ་ཆུའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་སྒྲུབ་ཁང་གི་གསོལ་མགྲོན་ཁང་།
ཟླ3པའི་ཚེས18ཉིན། མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ་རུ་མངའ་བའི་རྨ་ཆུའི་སྐྱེ་ཁམས་ཕྱུགས་ལས་མཉམ་སྒྲུབ་ཁང་གི་རྨ་ཆུའི་གསོལ་མགྲོན་ཁང་དངོས་སུ་སྒོ་ཕྱེས་ཤིང་། དེ་ནི་རྨ་བྱང་ཡུལ་ཚོ་རྨ་ཆུ་སྡེ་བས་འོ་བཟོས་ཐོན་རྫས་ཀྱི་བཟོ་གྲྭའི་རྗེས་སུ་བཙུགས་པའི་འཛུགས་སྐྲུན་ལས་གཞི་ཆེ་ཤོས་ཤིག་ཡིན་པར་མ་ཟད། དེང་རབས་ཀྱི་ཕྱུགས་ལས་གོང་སྤེལ་དང་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་གོང་དུ་འཕར་བར་བསྐྲུན་པའི་ཐབས་ལམ་གསར་བ་ཞིག་ཀྱང་ཡིན་པ་རེད།
རྨ་ཆུའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་སྒྲུབ་ཁང་གི་ལས་ཚབ་འགོ་འཛིན་རིན་ཆེན་ཚེ་རིང་ལགས་ཀྱིས་མཉམ་སྒྲུབ་ཁང་གི་གནས་ཚུལ་ངོ་སྤྲོད་བྱེད་ཀྱིན་པ།
རྨ་ཆུ་སྐྱེ་ཁམས་ཕྱུགས་ལས་མཉམ་སྒྲུབ་ཁང་གི་ལས་འཛིན་འགོ་གཙོ་རིན་ཆེན་ཚེ་རིང་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། གསོལ་ཁང་དང་མགྲོན་ཁང་གཞི་གཅིག་ཏུ་གྲུབ་པའི་རྨ་ཆུའི་གསོལ་མགྲོན་ཁང་དེར་བསྡོམས་པས་མ་དངུལ་སྒོར་ཁྲི143བཏང་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ523ཡོད་པ་རེད།
རྨ་ཆུ་སྡེ་བས་རྨ་བྱང་ཡུལ་ཚོའི་འགྲིམ་འགྲུལ་གྱི་དགེ་མཚན་དང་། ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས། དེ་མིན་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་རིག་གནས་སོགས་སུ་བརྟེན་ནས། འབྲོག་པ་མང་ཚོགས་རྣམས་མཉམ་སྒྲུབ་ཁང་དུ་ཞུགས་སུ་བཅུག་སྟེ་འབྲོག་པའི་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མང་དང་ལས་བསྐྲུན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཐོག ཁེ་སྤོགས་མཉམ་རེག་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་འདོང་བའི་དམིགས་འབེན་མངོན་འགྱུར་འབྱུང་ཆེད་རྨ་ཆུའི་ཕྱུགས་ལས་ཆེད་ལས་མཉམ་སྒྲུབ་ཁང་བསྐྲུན་ཞིང་། དེས་དེང་རབས་ཀྱི་ཕྱུགས་ལས་གོང་དུ་སྤེལ་བར་རྟིང་ཤུགས་གསར་པ་ཞིག་བསྣན་པ་རེད།