འབྲོག་པ་མང་ཚོགས་ཀྱིས་མ་རྐང་བཞག་ནས་ཡོང་སྒོ་འཕར་བ།
སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་སྡུད་བཞིན་པ།
འབྲོག་པ་མང་ཚོགས་ལ་ཁེ་སྤོགས་ཐོབ་པ།
ཟླ3པའི་ཚེས13ཉིན།མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མཛོད་ལུང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་སྡེ་བ་དེར2013ལོའི་ལོ་མཇུག་གི་བྱ་བའི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་འདུ་བསྡུས་ནས། སྡེ་བ་ཡོངས་སུ་མ་རྐང་བཞག་པའི་འབྲོག་པ་མང་ཚོགས་ལ2013ལོའི་ཁེ་སྤོགས་བགོ་པའི་སྒོར་ཁྲི491བྱིན་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཀྱི་རྩྭ་སའི་ཕྱུགས་ལས་ཧུར་ཐག་གིས་སྤེལ་བ་དང་། ཕྱུགས་བཀག་སོགས་ཀྱི་ཕྱུགས་ལས་ལམ་ལུགས་སྣ་ཚོགས་ཁྱབ་བརྡལ་དུ་བཏང་ཐོག སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ལམ་ལུགས་ཀྱི་དཔལ་འབྱོར་དཔེ་གཞི་འཚོལ་ཞིབ་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱིས་ལག་དངུལ་དང་། ཕྱུགས་ཟོག རྩྭ་ས་སོགས་མ་རྐང་དུ་བྱས་ནས་རང་མོས་ཀྱིས་ཐོན་སྐྱེད་ལས་གཉེར་བྱ་འགུལ་རྩ་འཛུགས་བྱས་པས་ཡོང་སྒོ་ཆེས་ཆེར་འཕར་བ་རེད།