logo

མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ལུས་རྩལ་ལྟེ་གནས་འགྲུབ་སྟེ་བཀོལ་སྤྱོད་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-10 ཀློག་གྲངས།:

མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ལུས་རྩལ་ལྟེ་གནས་ལེགས་འགྲུབ་བཀོལ་སྤྱོད་བྱེད་པ།
མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ལུས་རྩལ་ལྟེ་གནས།

      ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་སྡོད་ཁུལ་གསར་བའི་མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ལུས་རྩལ་ལྟེ་གནས་ཏེ་མཚོ་སྔོན་ལུས་རྩལ་ལྟེ་གནས་དེ་ལེགས་འགྲུབ་བྱུང་སྟེ་དངོས་སུ་སྤྱོད་མགོ་ཚུགས།
      རྒྱུས་ལོན་པ་ལྟར་ན། སྤྱིའི་མ་དངུལ་སྒོར་དུང་ཕྱུར17བཏང་བའི་མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་རྒྱ་ཁྱོན་ལ་སྨི367དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི18.8ཡིན་པ་དང་། ལུས་རྩལ་ར་བ་དང་ཕྱོགས་བསྡུས་ལུས་རྩལ་ཁང་། ཆུར་རྐྱལ་ཁང་། དེ་མིན་འབྲེལ་ཡོད་སྒྲིག་ཆས་བཅས་ལས་གྲུབ་ཅིང་། མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ལུས་རྩལ་ལྟེ་གནས་སུ་ངེས། ད་ལྟ་ལུས་རྩལ་ལྟེ་གནས་འདིའི་ཕྱོགས་བསྡུས་ལུས་རྩལ་ཁང་དང་ཆུར་རྐྱལ་ཁང་དངོས་སུ་སྤྱོད་མགོ་ཚུགས། ལས་གཞི་འདི་ལེགས་འགྲུབ་བྱུང་བ་ལས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ལུས་རྩལ་ར་བ་ཆེན་མོ་ཞིག་མེད་པའི་སྟོང་ཆ་བསྐངས་པ་རེད།


འབྲེལ་ཡོད་འོས་སྦྱོར།