logo

བི་ཤྭ་ཀརྨ་བོད་ཀྱི་ལག་ཤེས་སྒྱུ་རྩལ་ནོར་བུའི་ཁང་དེ་ཟི་ལིང་མཁར་གྲོང་དུ་སྒོ་ཕྱེ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-15 ཀློག་གྲངས།:

བི་ཤྭ་ཀརྨ་བོད་ཀྱི་ལག་ཤེས་སྒྱུ་རྩལ་ནོར་བུའི་ཁང་དེ་ཟི་ལིང་མཁར་གྲོང་དུ་སྒོ་ཕྱེ།

       ཟླ11པའི་ཚེས9ཉིན། བི་ཤྭ་ཀརྨ་བོད་ཀྱི་ལག་ཤེས་སྒྱུ་རྩལ་ནོར་བུའི་ཁང་དེ་ཟི་ལིང་མཁར་གྲོང་དུ་དངོས་སུ་སྒོ་ཕྱེ་པ་རེད།
       ཉེ་བའི་ལོ་འགའི་རིང་། རིག་གནས་ཐོན་ལས་འཕེལ་རྒྱས་ཆེན་པོར་འགྲོ་བའི་དུས་སྐབས་སུ། མཚོ་སྔོན་གནས་སྐོར་ལས་རིགས་ཀྱང་འཕེལ་རྒྱས་མགྱོགས་མྱུར་དུ་འགྲོ་བཞིན་ཡོད་ཅིང་། མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཚད་ཡོད་ཀུང་ཟིས་མཚོ་སྔོན་གྱི་གནས་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་བའི་སྐབས་དང་བསྟུན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་བའི་རིག་གནས་ཀྱི་དགོས་མཁོ་བསྐངས་པ་དང་། སྒོས་སུ་རྒྱ་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ལ་ཞབས་ཞུ་སྒྲུབ་པའི་སྒོ་ནས་བོད་ཀྱི་གཙགས་དྲུབས་སོགས་ཁྱད་དུ་འཕགས་པའི་མི་རིགས་ཀྱི་རིག་གནས་ཐོན་རྫས་ཡོངས་སུ་མངོན་པ་རེད།

       ཟི་ལིང་གྲོང་ཁྱེར་ཅན་ཀོ་ལམ་གྱི་སྒོ་རྟགས29བའི་མཚོ་སྔོན་ལག་ཤེས་མཛེས་རྩལ་ཐོག་ཁང་ཆེན་མོའི་ཉིས་ཐོག་ཏུ་བོད་ཀྱི་རིག་གནས་བཤམས་སྟོན་ཁང་བཙུགས་པའི་རྗེས་སུ། ཡང་ཟི་ལིང་མཁར་གྱི་སྲང་ལམ་བྱང་མའི་རིག་གནས་ཐོན་ལས་ཐོག་ཁང་ཆེན་མོའི་སུམ་ཐོག་ཏུ་བོད་ཀྱི་ལག་ཤེས་སྒྱུ་རྩལ་ནོར་བུའི་ཁང་གསར་དུ་བཙུགས་པ་རེད།


འབྲེལ་ཡོད་འོས་སྦྱོར།