ལྷོ་ཁའི་གོང་དཀར་རྫོང་དུ་གུར་གུམ་བཏབ་ནས་རོང་འབྲོག་པའི་ཡོང་སྒོ་འཕར་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-18
ཀློག་གྲངས།:
སྐྱེས་སྟོབས་ལེགས་པོའི་གུར་གུམ་གྱི་མེ་ཏོག
གུར་གུམ་འདེབས་མཁན་རྣམས་ཀྱིས་གུར་གུམ་ལེན་བཞིན་པ།
གུར་གུམ་མེ་ཏོག་ལས་བཏོགས་པའི་གུར་གུམ།
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་གི་དགོན་སྟོད་གྲོང་རྡལ་དུ་གུར་གུམ་འདེབས་པའི་གཞི་རྟེན་ཞིག་བཙུགས་ཤིང་། དེ་ནི་ལྷོ་ཁའི་ཧྥུན་ལི་ཞིང་ལས་ཚན་རྩལ་ཞབས་ཞུའི་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་ཁྲི180བཏང་ནས་བསྐྲུན་པ་རེད། ཐོན་ཚད་ཇེ་མཐོར་གཏོང་ཆེད་གུར་གུམ་འདེབས་འཛུགས་ཐད་ཀྱི་ཆེད་མཁས་གདན་དྲངས་ནས་ཡུལ་དེའི་མང་ཚོགས་ལ་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་ལ། ད་ལོར་འདེབས་འཛུགས་བྱས་པའི་དུད་ཚང་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར6000ཡས་མས་ཤིག་འཕར་སྣོན་འབྱུང་བའི་རེ་བ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།