logo

ཡིད་འོངས་མ་རྟགས་ཅན་གྱི་སྟོན་དགུན་གྱོན་ཆས་གསར་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-12 ཀློག་གྲངས།:


ཡིད་འོངས་མ་རྟགས་ཅན་གྱི་སྟོན་དགུན་གྱོན་ཆས་གསར་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལྷ་སར་བསྡུས་པ།

        ཉེ་ལམ། བོད་རིགས་ཀྱི་དེང་རབས་གྱོན་ཆས་ཡིད་འོངས་མYEEOMརྟགས་ཅན་གྱི་སྟོན་དགུན་གྱོན་ཆས་གསར་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལྷ་སར་བསྡུས།
        ཚོགས་ཐོག་ཏུ། བོད་རིགས་ཀྱི་སྟོན་དགུན་གྱོན་ཆས་གསར་བ30ལྷག་འགྲེམ་སྟོན་བྱས་ཤིང་། དེའི་མདོག་དང་རྒྱུ་སྤུས་སོགས་ལེགས་པ་དང་། བོད་ཀྱི་སྲོལ་རྒྱུན་གྱོན་ཆས་ཀྱི་ཁ་དོག་དང་རྣམ་པ་རྒྱུུན་འཛིན་བྱས་ཡོད་པ་རེད།

ཡིད་འོངས་མ་རྟགས་ཅན་གྱི་སྟོན་དགུན་གྱོན་ཆས་གསར་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལྷ་སར་བསྡུས་པ།
ཡིད་འོངས་མ་རྟགས་ཅན་གྱི་སྟོན་དགུན་གྱོན་ཆས་གསར་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལྷ་སར་བསྡུས་པ།

        རྒྱུས་ལོན་པ་ལྟར་ན། བཀྲ་ཤིས་ནི་གྱོན་ཆས་ཇུས་འགོད་པ་ཞིག་ཡིན་ཞིང་། ཐེངས་འདིར་ཁོས་ཇུས་འགོད་བྱས་པའི་གྱོན་ཆས30ནི་བར་སྐོར་གླིང་དུ་འཛམ་གླིང་ཕྱོགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་དང་རོང་འབྲོག་དད་ལྡན་པ་རྣམས་ཀྱིས་གྱོན་པའི་ཁ་དོག་དང་རྣམ་པ་སྣ་ཚོགས་ཀྱི་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་གཞིར་བྱས་ཏེ་ཇུས་འགོད་བྱས་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་གྱོན་ཆས་ཀྱི་ཐིག་རིས་སོགས་སྐྱེས་པ་དང་སྐྱེས་མའི་གྱོན་གོས་སྣ་ཚོགས་སྟེང་བཀོད་དེ་མི་རིགས་ཀྱི་ཁྱད་ཆོས་རབ་ཏུ་དོད་པས། ས་གནས་དང་ཡོ་རོབ། ཉི་ཧོང་སོགས་རྒྱལ་ཁབ་ཕྱི་ནང་དུ་དགའ་བསུ་ཆེན་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།