logo

ཀན་ལྷོའི་བོད་རིགས་ཁེ་ལས་པས་དྲ་ཐོག་ཕྱུག་བསྒྱུར་གྱི་ལམ་བུ་བཏོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-13 ཀློག་གྲངས།:

甘南州藏族企业家网上开辟致富路
ཁེ་ལས་པ་སྐལ་བཟང་སྐྱིད་ལགས་ཀྱིས་དྲ་ཐོག་ཏུ་ཕྱིར་འཚོང་བྱས་པའི་གནས་ཚུལ་ལ་ལྟ་བཞིན་པ།

ཀན་ལྷོ་ཕུན་ཚོགས་མི་རིགས་ཐོན་རྫས་འདོན་སྤེལ་ཚད་ཡོད་ཀུང་ཟིས་མི་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་པ།

  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཕུན་ཚོགས་མི་རིགས་ཐོན་རྫས་འདོན་སྤེལ་ཚད་ཡོད་ཀུང་ཟིས་དྲ་རྒྱའི་སྟེང་ཀུང་ཟི་དེས་ཐོན་སྐྱེད་བྱས་པའི་མི་རིགས་ཀྱི་ཐོན་རྫས་ཕྱིར་འཛོང་བྱེད་བཞིན་ཡོད་ཅིང་། ཕུན་ཚོགས་ཀུང་ཟིའི་སྤྱི་གཉེར་བ་དང་ཀན་ལྷོའི་བོད་རིགས་བུད་མེད་ཁེ་ལས་པ་སྐལ་བཟང་སྐྱིད་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀུང་ཟི་དེར་མིག་སྔར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་སུ་ཚབ་གཉེར་ཚོང་བ123ཡོད་ལ། ད་ལོའི་ཟླ5པའི་ཚེས8ཉིན་ནས་བཟུང་དྲ་ཐོག་ཏུ་ཚོང་ལས་གཉེར་འགོ་བརྩམས་ནས། ཟླ3གྱི་རིང་ལ་ཕྱིར་འཚོང་བྱས་པའི་བསྡོམས་འབོར་སྒོར་ཁྲི780ཡོད་པ་རེད། དེའི་ཁྲོད་དྲ་ཐོག་ནས་ཕྱིར་འཚོང་བྱས་ཚད་སྒོར་ཁྲི380ལ་བསླེབས།
  རྒྱུས་ལོན་བྱུང་བ་ལྟར་ན་ཁེ་ལས་པ་སྐལ་བཟང་སྐྱིད་ཀྱིས་ཟླ་གསུམ་གྱི་རིང་ལ་དྲ་ཐོག་ཏུ་ཚོང་ལས་གཉེར་བའི་ཉམས་མྱོང་རྨང་གཞི་བྱས་ཐོག  དྲ་ཐོག་ཚོང་གཉེར་གྱི་ཤུགས་ཚད་ཆེ་རུ་བསྐྱེད་དེ་ལོ་མཇུག་བར་དུ་དྲ་ཐོག་ཚོང་གཉེར་གྱི་གྲངས་ཚད་དེ་སྲོལ་རྒྱུན་གྱི་ཚོང་གཉེར་ལ་བརྟེན་ནས་བྱུང་བའི་གྲངས་ཚད་ལས་བརྒལ་བར་ཧུར་ཐག་བྱེད་ཀྱིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།