གསེར་ཆེན་རྫོང་གིས་ཁྱད་ལྡན་གནས་སྐོར་ལམ་ཐིག་འཆར་ཇུས་ཀྱི་བགྲོ་ཚོགས་བསྡུས་པ།
ཟླ7པའི་ཚེས11ཉིན། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཁྱད་ལྡན་གནས་སྐོར་ལམ་ཐིག་འཆར་ཇུས་བགྲོ་ཚོགས་དེ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་ཐོག་ཁང་གསུམ་པའི་གྲོས་ཚོགས་ཚོམས་ཆེན་དུ་བསྡུས།
ཚོགས་ཐོག་ཏུ“གསེར་ཆེན་རྫོང་གི་ཁྱད་ལྡན་གནས་སྐོར་ལམ་ཐིག་གི་ཕྱོགས་བསྡུས་ཇུས་འགོད”བཟོ་རྒྱུ་གླེང་བ་དང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ཁྲིན་ཧུང་ལིན་དང་། གསེར་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་རྩ་འཛུགས་ཧྲུའུ་ཅིའམ་གསེར་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐར་མ་ཚེ་རིང་། གསེར་ཆེན་རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཁྲིན་ལུང་དབྱི། གསེར་ཆེན་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་མཱ་ཅིན་ཞིན། གསེར་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཁའ་འགྲོ་འབུམ། དེ་མིན་ཡུལ་ཚོ་དང་གྲོང་རྡལ། རྫོང་གཏོགས་སྡེ་ཁག་གི་འགོ་ཁྲིད་གཙོ་ཤོས་རྣམས་གྲོས་ཚོགས་སུ་ཞུགས་ཏེ་བགྲོ་གླེང་མཛད་པ་རེད།