logo

བོད་རིགས་ན་གཞོན་ཁེ་ལས་པ་མཁས་གྲུབ་ཟླ་བས་གཉེར་བཞིན་པའི་ཚོང་དོན་ཁམས་གསོ་གླིང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-27 ཀློག་གྲངས།:


འཁྱག་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་།


འཁྱག་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གི་ནང་ངོས་ཀྱི་རྣམ་པ།


འཁྱག་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གི་ནང་ངོས་ཀྱི་རྣམ་པ།

          མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེན་ཆེན་རྫོང་དུ་བོད་རིགས་ན་གཞོན་ཁེ་ལས་པ་མཁས་གྲུབ་ཟླ་བས་འབད་པ་གང་ལེགས་ཀྱིས་རང་གི་ཕུགས་བསམ་ལ་གཞོལ་ཞིང་།  དམའ་འབྲིང་ནས་མཐར་ཕྱིན་རྗེས་རྒྱལ་ཁབ་ཀྱི་དམག་ཁྱུ་ལ་ཞུགས་པ་དང་ཤིན་ཅང་ས་ཁུལ་དུ་དུས་ཡུན་ལོ་གསུམ་གྱི་དམག་མིའི་འཚོ་བ་རོལ།
          2010ལོའི་ཟླ10བར། ཁྱིམ་མི་དང་གྲོས་བྱས་ཏེ་ཐེན་ཆེན་རྫོང་གི་ནུབ་བྱང་ཟུར་དུ་མ་དངུལ་སྒོར་ཁྲི860བཏང་ནས་སྨི་གྲུ་བཞི་མ8000ཅན་གྱི་ས་སྟོང་ཞིག་ཉོས་པ་མ་ཟད། མ་དངུལ་སྒོར་ཁྲི300བཏང་སྟེ་གནས་དེར་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2700ཅན་གྱི་འཁྱག་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་ཅེས་པ་འཛུགས་སྐྲུན་བྱས། 2012ལོའི་ཟླ2པའི་ཚེས2ཉིན་འཁྱག་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་འདི་དངོས་སུ་གཉེར་འགོ་བརྩམས་ཤིང་། གཙོ་ཆེར་བཟའ་བཏུང་དང་།  སྤྲོ་གསེང་།  ངལ་གསོ་བཅས་འདུས་པ་ཡིན།


གྲལ་དག་པའི་བོད་རིགས་ཞབས་ཞུ་བ་རྣམས།


ཁ་བཏགས་དཀར་པོས་མགྲོན་བསུ་བྱེད་པ།


བོད་རིགས་ན་གཞོན་ཁེ་ལས་པ་མཁས་གྲུབ་ཟླ་བ་དང་ཞབས་ཞུ་བ་རྣམས་ལྷན་དུ་པར་བླངས་པ།

          2012ལོའི་ཟླ4བར། ཐེན་ཆེན་རྫོང་ཡུལ་སྐོར་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས“འཁྱག་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང”ཅེས་པ་སྐར་བཞིའི་མགྲོན་ཁང་དུ་དཔྱད་འབེབས་བྱས་པ་དང་། འདི་ལྟ་བུའི་སྐུལ་ལྕག་འོག  མཁས་གྲུབ་ཟླ་བས་ཐོན་སྐྱེད་རྒྱ་བསྐྱེད་པར་བྲེལ་ཏེ་དངོས་ཡོད་རྨང་གཞིའི་སྟེང་མ་དངུལ་སྒོར་ཁྲི1000ལྷག་བཏང་ནས་སྐར་བཞི་རིམ་པའི་ཚད་ལྡན་མགྲོན་ཁང་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་སེམས་ཐག་བཅད་ཅིང་། སྔོན་དཔག་ལྟར2012ལོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་བར་དུ་ལེགས་འགྲུབ་བཀོལ་སྤྱོད་འབྱུང་ངེས་པར་བཤད།
          ཁོ་བོའི་ཤེས་བྱའི་རིག་གནས་ཀྱི་ཆུ་ཚད་ཞན་པའི་ཁས། ཅུང་ཉམས་མྱོང་ཅན་དང་ནུས་པ་ཅན་སོགས་གདན་འདྲེན་ཞུས་ནས་མགྲོན་གསོལ་ཁང་ལས་གཉེར་ལ་རོགས་འདེགས་བྱེད་དུ་བཅུག་པ་དང་། ས་གནས་ཀྱི་ན་གཞོན་རྣམས་ཀྱང་འདིའི་ཐད་ནས་ཉམས་མྱོང་ལོན་པར་འབད་བརྩོན་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།