logo

བོད་ལྗོངས་འདམ་གཞུང་རྫོང་གི་ཕྱུག་འགྱུར་ལམ་གྱི་འགོ་ཁྲིད་མཁན་སྐར་མ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-27 ཀློག་གྲངས།:


སེང་གེའི་རྟགས་ཅན་གྱི་སྤུས་ལེགས་ཞོ།

         སྐར་མ་ནི་བོད་ལྗོངས་ལྷ་སའི་འདམ་གཞུང་རྫོང་གུང་ཐང་ཡུལ་ཚོའི་རྒྱ་གན་སྡེ་བའི་འབྲོག་དམངས་ཤིག་ཡིན་ཞིང་། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་པ་མང་པོ་མེད་ནའང་ནོར་ལུག་སོགས་ཕྱུགས་ཟོག་ཡོད་པའི་རྐྱེན་གྱིས་འོ་ཞོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།  སྐར་མས་སེང་གེའི་རྟགས་ཅན་གྱི་སྤུས་ལེགས་ཞོ་བསྙལ་ཏེ་བྱང་ཐང་མཐོ་སྒང་གི་མཚན་ལྡན་ཁྱད་རྫས་ཐོན་སྐྱེད་བྱས།


སེང་གེའི་རྟགས་ཅན་གྱི་སྤུས་ལེགས་ཞོ།

         གུང་ཐང་ཡུལ་ཚོའི་འབྲེལ་ཡོད་འགན་འཛིན་པས་བཤད་པ་ལྟར་ན། ཕྱུག་འགྱུར་ལམ་བུའི་འགོ་ཁྲིད་མཁན་གསོ་སྐྱོང་བྱེད་པར་ཐོག་མར་རྒྱ་གན་སྡེ་བའི་སྡེ་མི་ཨུ་ཡོན་ལྷན་ཚོགས་ཀྱིས་དོ་དམ་བྱེད་པའི་ཞོ་ཚོང་ཁང་དེ་རྒྱ་གན་སྡེ་བའི་སྡེ་མི་སྐར་མ་ལ་འགན་ལེན་བྱེད་དུ་བཅུག་ཅིང་།  ཁོས་ཞོ་དང་འོ་མ་སོགས་ཁྱད་འཕགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་ནས་དཔལ་འབྱོར་གྱི་ཁེ་ཕན་མི་དམན་པ་ཐོབ། ཁོའི་ཐོན་རྫས་དག་ནི་རྫས་གཞན་ལས་སྣོན་བྱས་མེད་པའི་དག་གཙང་གི་རང་བྱུང་ཐོན་རྫས་ཤིག་ཡིན།


འབྲེལ་ཡོད་འོས་སྦྱོར།