logo

བོད་ཇའི་ཕ་ས་སྟེ་ཡཱ་ཨན་གྱི་དངུལ་གཏོང་སྐུལ་སྤེལ་ཚོགས་འདུའམ་བོད་ཇའི་རིགས་འབྱེད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-16 ཀློག་གྲངས།:


བོད་ཇས་བཟོས་པའི་བཟོ་རྩལ་ཐོན་རྫས།

ཡཱ་ཨན་དང་ལྷ་ས་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཕན་ཚུན་ལ་ལེགས་སྐྱེས་འབུལ་བ།

  ཟླ3པའི་ཚེས14ཉིན། སི་ཁྲོན་ཞིང་ཆེན་ཡཱ་ཨན་གྲོང་ཁྱེར་གྱི་དངུལ་གཏོང་སྐུལ་སྤེལ་ཚོགས་འདུའམ་བོད་ཇའི་རིགས་འབྱེད་ཚོགས་འདུ་པེ་ཅིང་དུ་བསྡུས་པ་རེད། ཚོགས་ཐོག་ལྷ་ས་གྲོང་ཁྱེར་དང་ཡཱ་ཨན་གྲོང་ཁྱེར་གཉིས་ཀྱིས་གྲོས་ཡིག་བཀོད་པ་དང་། རྒྱལ་ཡོངས་ཇའི་རིག་གནས་ཀྱི་ཆེད་མཁས་པ་རྣམས་ཀྱིས་ཡཱ་ཨན་བོད་ཇའི་རྫོངས་སྟུག་པོའི་རིག་ནས་དང་ལུས་ཕུངས་ལ་ཕན་པའི་ནུས་པ་སོགས་ལ་ཕན་ཚུན་གླེང་མོལ་དང་གཏམ་བཤད་གནང་།
  སི་ཁྲོན་ཡཱ་ཨན་གྲོང་ཁྱེར་གྱི་རང་བྱུང་གི་མཁའ་དབུགས་བཟང་པོས་ཇའི་ཐོན་ཚད་ལ་མཐུན་རྐྱེན་བསྐྲུན་ཞིང་། གྲོང་ཁྱེར་ཡོངས་སུ་ཇ་རའི་རྒྱ་ཁྱོན་ལ་མུའུ་ཁྲི65ཡོད་པ་ལས་ཇའི་ཐོན་ཚད་ཏུན་འབུམ3ལ་ཉེ་བ་དང་། དེའི་ཁྲོད་བོད་ཇའི་ཐོན་ཚད་ཏུན་ཁྲི3ཡོད་པས། ཀྲུང་གོའི་ཇའི་འཁོར་རྒྱུག་མཐུན་ཚོགས་ཀྱིས“ཀྲུང་གོའི་བོད་ཇའི་ཕ་ས”ཞེས་པའི་མཚན་གསོལ་ཡོད་པ་རེད།
  2008ལོར་ཡཱ་ཨན་བོད་ཇའི་བཟོ་རྩལ་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་མིང་ཐོར་བཞག་པ་དང་། 2011ལོར་ཡཱ་ཨན་བོད་ཇའི་ཁེ་ལས་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་གཞི་གནས་ཁག་དང་པོར་བཞག  བོད་ཇའི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་བོད་ཇའི་ཐོན་ལས་གོང་སྤེལ་གྱི་ཆེད་དུ་ཡཱ་ཨན་བོད་ཇའི་བཟོ་རྩལ་སློབ་གཉེར་ཁང་དང་ཡཱ་ཨན་བོད་ཇ་ཞིབ་འཇུག་ལྟེ་གནས་བཙུགས་པར་མ་ཟད། “སི་ཁྲོན་དང་བོད་ལྗོངས་ཀྱི་ཇ་རྟའི་གནའ་ལམ(ཡཱ་ཨན)གྲོས་ཞིབ་ཚོགས་འདུ”དང“ཡཱ་ཨན་བོད་ཇའི་འཛིན་སྤེལ་མཐོ་རིམ་གླེང་སྟེགས”སོགས་བསྡུས་ནས་བོད་ཇའི་རིག་གནས་སྔོག་འདོན་དང་དར་སྤེལ་བྱས། དེའི་མཚུངས་སུ་སི་ཁྲོན་ཞིང་ལས་སློབ་ཆེན་སོགས་ཀྱི་ཚན་རིག་ཞིབ་འཇུག་གི་དགེ་མཚན་ལ་བརྟེན་ནས་ཐོན་རྫས་གསར་བ་གསར་གཏོད་དང་འདོན་སྤེལ་བྱས་པ་རེད།
  ཡཱ་ཨན་ནི་འཛམ་གླིང་སྟེང་ཇ་འདེབས་པའི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ཡོད་པའི་ས་གནས་ཆེས་སྔ་ཤོས་ཤིག་ཡིན་ཞིང་། ཡཱ་ཨན་བོད་ཇ་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པ་དང་། བཙན་པོའི་རྒྱལ་རབས་སྐབས་སུ་བོད་ཁམས་སུ་བྲིན་སྐྱེན་པས་བོད་ཇ་ཞེས་མིང་དུ་གྲགས། ལོ་རྒྱུས་དུས་རིམ་གྱི་འཕོ་འགྱུར་དང་བསྟུན་ནས་དེ་ལ་ཇ་ནག་དང་། ཝུའུ་ཇ། པན་ཇ། ཡཱ་ཇ་སོགས་མིང་མང་པོ་བྱུང་བ་རེད།
  ཡཱ་ཨན་བོད་ཇའི་ཁྲོད་རང་བྱུང་གཏེར་རྫས་ཀྱི་གྲུབ་ཆ་སོགས་འདུས་པས་མདོ་དབུས་མཐོ་སྒང་དུ་སྡོད་པའི་མི་རྣམས་ཀྱི་ལུས་ཕུངས་ལ་འཚོ་བཅུད་གང་མང་མཁོ་འདོན་བྱེད་ཐུབ་པར་མ་ཟད། ཤ་མར་སོགས་སྣུམ་ཅན་ཟས་རིགས་འཇུ་བའི་ནུས་པ་ལྡན་པ། དེ་མིན་མཐོ་སྒང་དུ་དབྱང་ཉུང་བ་སོགས་མཁའ་དབུགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་ནད་རིགས་འགོག་པར་དགེ་མཚན་ལྡན་པ་རེད། 


འབྲེལ་ཡོད་འོས་སྦྱོར།