ཀྲུང་གོའི་སྦྲག་སྲིད་ཁང་གིས་ཐོག་དང་པོར་དར་སིལ་ཐང་གའི་སྦྲག་དངུལ་སྐོགས་མེད་འཕྲིན་བྱང་བཀྲམ་པ།
དར་སིལ་ཐང་གའི་སྦྲག་དངུལ་སྐོགས་མེད་འཕྲིན་བྱང་།
ཉེ་ལམ། ཀྲུང་གོའི་སྦྲག་སྲིད་ཁང་དང་ཀན་སུའུ་བོད་མིའི་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པ་གཉིས་མཉམ་འབྲེལ་སྒོས་དར་སིལ་ཐང་གའི་སྦྲག་དངུལ་སྐོགས་མེད་འཕྲིན་བྱང་ཚད་བཀག་སྒོས་བཀྲམ་ཞིང་། ཐང་ག་བརྗོད་བྱར་བཟུང་བའི་དར་སིལ་སྦྲག་དངུལ་སྐོགས་མེད་འཕྲིན་བྱང་འདི་ནི་ཨ་ལགས་དོར་ཞི་རིན་པོ་ཆེ་གདན་དྲངས་ཏེ་སློབ་སྟོན་དང་། ཀན་སུའུ་ཞིང་ཆེན་བོད་མིའི་རིག་གནས་ཡར་སྐུལ་ཚོགས་པས་ལྟ་སྐུལ་བྱས།
དེ་ཡང་ཚད་བཀག་སྒོས་འཕྲིན་བྱང5000ལས་བཀྲམ་མི་ཆོག་ཅིང་། འདི་ནི་ཀྲུང་གོའི་སྦྲག་སྲིད་ལོ་རྒྱུས་སྟེང་ཐོག་དང་པོར་ཐང་ག་བརྗོད་བྱ་བྱས་ཏེ་བཀྲམ་པའི་སྐོགས་མེད་འཕྲིན་བྱང་ཞིག་ཡིན་པ་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་རེད།
ཐང་ག་ནི་རེ་རེ་བཞིན་ཇོ་བོ་ཤཱཀྱ་མུ་ནེ་དང་། ཚེ་ལྷ། སྒྲོལ་མ་སྔོན་མོ། སྒྲོལ་མ་དཀར་མོ། རྣམ་རྒྱལ་མ།
ཛམ་བྷ་ལ་སེར་པོ། ཕྱག་ན་རྡོ་རྗེ། འཇམས་པའི་དབྱངས། སྤྱན་རིས་གཟིགས་ཕྱག་བཞི།
དབྱངས་ཅན་ལྷ་མོ་སོགས་ཡིན་པ།
ཐང་ག་ནི་བོད་རིགས་རིག་གནས་ཁྲོད་ཁྱད་དུ་འཕགས་པའི་རི་མོ་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། བརྗོད་བྱའི་ནང་དོན་ཐད་ནས་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ལ་འབྲེལ་ཡོད་དེ་བོད་མི་རིགས་ཀྱི་ཤེས་བྱ་ཀུན་འདུས་ཚིག་མཛོད་དུ་བརྗོད་ཆོག་པར་བསམ།
ཚོང་ཉོའི་དྲ་གནས།