logo

སི་ཁྲོན་རྔ་བ་རྫོང་གིས་ནང་བསྟན་ཆོས་ལུགས་གཙོས་པའི་ཆོས་ལུགས་རིག་གནས་སྔོག་འདོན་བྱ་འཆར་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-28 ཀློག་གྲངས།:

          ལོ་ལྔའི་འཆར་འགོད་བཅུ་གཉིས་ཀྱི་སྐབས་སུ།  སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གིས་གང་ནུས་ཅི་ཐུབ་ཀྱིས་ནང་བསྟན་ཆོས་ལུགས་གཙོས་པའི་ཆོས་ལུགས་རིག་གནས་དང་།   མཐོ་སྒང་བརླན་ས་གཙོས་པའི་སྐྱེ་ཁམས་མཛེས་ལྗོངས།  ཨ་མདོའི་བོད་ཁུལ་དམངས་སྲོལ་རིག་གནས་མཛེས་ལྗོངས་ས་ཁུལ་དང་ཡུལ་སྐོར་ཐོན་རྫས་སོགས་སྔོག་འདོན་བྱས་ཏེ་ཡུལ་སྐོར་གཙོ་ཁྲིད་ཀྱི་ཐོན་ལས་རྒྱ་བསྐྱེད་པར་བརྩོན་པ་བྱ་འཆར་ཡོད་ཅིང་།   2015ལོའི་བར་རྫོང་འདིས་ཡུལ་སྐོར་མི་གྲངས་ཐེངས་ཁྲི30.1དང་ཡུལ་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི31424ལ་སླེབས་པར་བརྩོན་རྒྱུ་ཡིན་པ།

ཁྱད་ལྡན་ཡུལ་སྐོར་མཛེས་ལྗོངས་འཛུགས་སྐྲུན་བྱེད་པ།

          གཉན་པོ་གཡུ་རྩེ་ཡུལ་སྐོར་མཛེས་ལྗོངས་དང་།  གནས་མཆོག་ཡུལ་སྐོར་མཛེས་ལྗོངས།  ཁི་ཧི་གྲོག་རོང་རང་བྱུང་སྐྱེ་ཁམས་མཛེས་ལྗོངས།  དེ་མིན་ནང་བསྟན་ཆོས་ལུགས་གཙོས་པའི་ཆོས་ལུགས་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཡུལ་སྐོར་མཛེས་ལྗོངས་དགོས་ངེས་ཀྱིས་འཛུགས་སྐྲུན་བྱེད་པ། 

ཨ་མདོ་རྔ་བའི་བོད་གཞིས་གླིང་ག་འཛུགས་སྐྲུན་བྱེད་པ།

          ཁྱད་ལྡན་ཡིད་འོང་གྲོང་དང་ཡུལ་ཚོ་དང་ཕུལ་བྱུང་ཡུལ་སྐོར་སྡེ་བ་འཛུགས་སྐྲུན་བྱས་ཏེ་ཚོང་འདྲེན་དངུལ་འདྲེན་ནུས་ཤུགས་ཆེ་རུ་གཏོང་བ་དང་།  བོད་གཞིས་གླིང་ག་དང་ཨ་མདོའི་དམངས་སྲོལ་ལོ་རྒྱུས་རིག་གནས་དངོས་མང་བཤམས་སྟོན་ཁང་།  ཐུན་མོང་མ་ཡིན་པའི་རྔ་བ་རྩྭ་ཐང་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་འཚོ་བའི་རྣམ་པ་སོགས་འཛུགས་སྐྲུན་གང་ལེགས་སྒོས་ཡུལ་སྐོར་མཛེས་ལྗོངས་མངོན་པར་བཏོད་པ།

ནང་བསྟན་ཆོས་ལུགས་རིག་གནས་གླིང་འཛུགས་སྐྲུན་བྱེད་པ།  

          རྫོང་འདིར་ནང་བསྟན་རིག་གནས་ཕུན་སུམ་ཚོགས་ཤིང་ཡུལ་སྐོར་སྔོག་འདོན་གྱི་རིན་ཐང་ཆེན་པོ་ལྡན་ཞིང་།  རྫོང་འདིའི་ནང་བསྟན་ཆོས་ལུགས་དགོན42དེ་སྟེགས་བུ་རུ་བྱས་ཏེ་ཕྱོགས་ཡོངས་ནས་དགོན་པའི་འཛུགས་སྐྲུན་སྒྱུ་རྩལ་དང་ཆོས་ལུགས་རིག་གནས་ཀྱི་ནང་བསྟན་ཆོས་ལུགས་རིག་གནས་གླིང་སྐྲུན་པ།

དུས་སྟོན་རིག་གནས་འཛུགས་སྐྲུན་བྱེད་པ། 

          གུང་གསེང་ཡུལ་སྐོར་འཕེལ་རྒྱས་སྒོས་དུས་སྟོན་རིག་གནས་ཡུལ་སྐོར་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་ཅིང་།  ཚད་གཞི་མཐོ་བ་དང་ཁོར་ཡུག་ལེགས་པ། སྤུས་ཚད་བཟང་བའི་མཁར་འགྲམ་ངལ་གསོ། ཡུལ་སྐོར་ལྗོངས་རྒྱུའི་སྒྲིག་ཆས་དག་འཛུགས་སྐྲུན་གང་ལེགས་དང་།  མི་རིགས་ཀྱི་སྲོལ་རྒྱུན་དུས་སྟོན་སྨོན་ལམ་ཆེན་མོ་དང་།  དགའ་ལྡན་ལྔ་མཆོད།  རྫ་ཚོང་དུས་ཆེན།  གངས་སྐོར་སོགས་དུས་སྟོན་རིག་གནས་བེད་སྤྱད་དེ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། 


འབྲེལ་ཡོད་འོས་སྦྱོར།